གོ་ལའི་ཚ་དྲོད་འཕར་བཞིན་པའི་ཛ་དྲག་གནས་སྟངས།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་བཙུགས་ཚན་རིག་པའི་ལྷན་ཚོགས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ད་ལྟའི་གནས་སྟངས་རྫ་དྲག་ཏུ་འགྱུར་བཞིན་པའི་སྙན་ཐོ་ཡོངས་བསྒྲགས་གནང་བ།

གྷརིས་ནང་མེ་སྐྱོན། ཌེ་ཝིཌ་མེཀ་ནུ།

གོ་ལའི་ཚ་དྲོད་འཕར་བཞིན་པའི་ཛ་དྲག་གནས་སྟངས་སྐོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་བཙུགས་ཚན་རིག་པའི་ལྷན་ཚོགས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ད་ལྟའི་གནས་སྟངས་རྫ་དྲག་ཏུ་འགྱུར་བཞིན་པའི་སྙན་ཐོ་ཡོངས་བསྒྲགས་གནང་བ་དེར། གནམ་གཤིས་འགྱུར་ལྡོག་དང་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་རྩོམ་པ་པོ་སྐུ་ཞབས་Fred Pearce ལགས་ཀྱིས་རྒྱ་ནག་གིས་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་དང་། དེ་བཞིན་ཤིང་ནགས་གཅོད་བྲེགས་སོགས་ཀྱི་གོ་ལའི་ཁོར་ཡུག་ལ་གནོད་སྐྱོན་གཏོང་བཞིན་པར་བསམ་ཞིབ་ངེས་གནང་དགོས་པ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕིན་ཁང་ལ་གསུངས་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org