རྒྱ་ནག་གཞུང་གིས་ཁེ་ན་ཌའི་ནང་གི་བོད་པ་དང་ཡུ་གུར་བར་ཉེས་ཆད་བཀལ་བ།
ཁེ་ན་ཌའི་གོ་ལའི་ལས་དོན་ལས་ཁུངས་སམ་ཕྱི་སྲིད་ལས་ཁུངས་ཀྱིས་གདུང་སེམས་མཉམ་སྐྱེད་ཡོད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ།
- 2024-12-28
-
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་ཁེ་ན་ཌའི་ནང་གི་བོད་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཚོགས་པ་གཉིས་དང་འབྲེལ་ཡོད་མི་སྣ་ ༢༠ ལ་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་ནའང་། ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་ཚོགས་པ་བཅས་ལ་ཁེ་ན་ཌའི་གོ་ལའི་ལས་དོན་ལས་ཁུངས་སམ་ཕྱི་སྲིད་ལས་ཁུངས་ཀྱིས་གདུང་སེམས་མཉམ་སྐྱེད་ཡོད་པ་ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་གསུངས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་གནང་པར་ཉེས་ཆད་བཀལ་བར་ངོ་རྒོལ་བྱེད་རྒྱུ་ཡིན་པ་བསྒྲགས་པ་དང་། ཁེ་ན་ཌ་གཞུང་གིས་ཁེ་ན་ཌའི་ནང་གི་མི་སྣ་དེ་དག་དང་ནང་མིར་འཇིགས་སྐུལ་དང་། དྲག་སྤྱོད། ཡང་ན་སུན་གཙེར་བཟོ་བ་བཅས་ལ་ནམ་ཡང་བཟོད་སྒོམ་བྱེད་རྒྱུ་མིན་ཞེས་བསྒྲགས་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་ནག་གཞུང་གིས་ཉེས་ཆད་བཀལ་ཡུལ་ལོ་ངོ་ ༣༨ སོང་བའི་ཁེ་ན་ཌའི་བོད་དོན་ཚོགས་པའི་སྤྱི་མང་འབྲེལ་གཏུགས་འགན་འཛིན་གཡུང་དྲུང་བསྟན་འཛིན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།