བལ་ཡུལ་དུ་སླར་ཡང་ས་ཡོམ་བརྒྱབ་ཡོད་པ།
བལ་ཡུལ་དུ་དེ་རིང་སླར་ཡང་ས་ཡོམ་འགུལ་ཚད་༧་༣ བྱས་པ་ཞིག་བརྒྱབ་སྟེ་ད་བར་མི་གྲངས་༢༤ རྐྱེན་འདས་སུ་ཕྱིན་པ།
-
2015-05-12 -
-
-
དེ་རིང་སླར་ཡང་བལ་ཡུལ་དུ་ས་ཡོམ་བརྒྱབ་ནས་མི་༢༤རྐྱེན་འདས་སུ་ཕྱིན་ཡོད་པ།༢༠༡༥།༥།༡༢།
ཨེ་ཨེཕ་པི།
༄༅༎བལ་ཡུལ་ནང་གཟའ་འཁོར་གསུམ་ཙམ་གྱི་སྔོན་ས་ཡོམ་ཤུགས་ཆེ་ཞིག་བརྒྱབ་སྟེ་མི་གྲངས་བརྒྱད་སྟོང་ལྷག་རྐྱེན་འདས་སུ་བཏང་པའི་དོན་རྐྱེན་བྱུང་རྗེས་སླར་ཡང་དེ་རིང་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ས་ཡོམ་འགུལ་ཚད་ ༧་༣ བྱས་པ་ཞིག་བརྒྱབ་སྟེ་ད་བར་མི་གྲངས་ ༢༤ ཙམ་རྐྱེན་འདས་སུ་སོང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་བལ་ཡུལ་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎
གསར་འགོད་པ་ཐུབ་བསྟན་སངས་རྒྱས།