འཕྲིན་ལས་དཔལ་མོ་གཙོས་མི་གསུམ་མུ་མཐུད་བཀག་འདུག

རྒྱ་ནག་གིས་ནག་ཆུ་ས་ཁུལ་འབྲི་རུ་ནས་བོད་མི་ཁ་ཤས་འཛིན་བཟུང་བྱས་བ་ནས་འཕྲིན་ལས་དཔལ་མོ་གཙོས་མི་གསུམ་མུ་མཐུད་བཀག་ཉར་བྱས་འདུག

འཕྲིན་ལས་དཔལ་མོ་ པར། བོད་འབྱོར།

རྒྱ་ནག་གིས་ནག་ཆུ་ས་ཁུལ་འབྲི་རུ་ནས་བོད་མི་ཁ་ཤས་འཛིན་བཟུང་བྱས་བ་ནས་འཕྲིན་ལས་དཔལ་མོ་གཙོས་མི་གསུམ་མུ་མཐུད་བཀག་ཉར་བྱས་འདུག

འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་དོན་ལྟར་ན།   ཉེ་སྔོན་ཕྱི་ཟླ་༡༡་ཚེས་༡༢ ཉིན་རང་ལོ་༣༢་ཙམ་ཡིན་པ་འཕྲིན་ལས་དཔལ་མོ་ཞུ་བ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་འདུག  འཕྲིན་ལས་དཔལ་མོ་ལགས་ནི་འབྲི་རུ་རྗོང་བོམ་ཕན་ཤང་དགོན་ཤུལ་གྲོང་ནས་ཡིན་པ་དང་། རྒྱ་ནག་གི་འབྲེལ་ཡོད་ཚོས་ཁོ་མོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་འགྲེལ་བརྗོད་གནང་མེད་པ་རེད་། འོན་ཀྱང་ཁོ་མོ་ས་གནས་རྒྱ་མིའི་བཙོན་ཁང་ནང་བཀག་ཉར་བྱེད་བཞིན་པའི་སྐབས་འདྲི་རྩད་དང་། རྡུང་རྡེག་བཏང་ཡོད་པའི་སྐོར་གནས་ཚུལ་ངོ་སྤྲོད་པས་ཤེས་རྟོགས་བྱུང་འདུག    ཁོང་གིས་མུ་མཐུད་ནས་བརྗོད་དོན། འཕྲིན་ལས་དཔལ་མོ་འཛིན་བཟུང་བྱས་པའི་ཉིན་མོ་ཕྱི་ཚེས་༡༢་ཉིན་གྲོང་སྡེ་གཅིག་པ་ཡིན་པའི་སྐྱེས་པ་ཚེ་རིང་རྒྱལ་ཞུ་བ་ཞིག་ཀྱང་འཛིན་བཟུང་བྱས་འདུག   འོན་ཀྱང་ཁོང་བདུན་ཕྲག་གཅིག་གི་རིང་བཀག་ཉར་བྱས་རྗེས་རྒྱ་སྒོར་༡༠༠༠་ཙམ་གྱི་ཉེས་ཆད་བཏང་ནས་གློད་བཀྲོལ་བཏང་འདུག   ཟླ་བ་འདིའི་འགོ་སྟོད་དུ་འཛིན་བཟུང་བཀག་ཉར་བྱས་པ་མི་གྲངས་༡༥ཡོད་པའི་ནང་ནས་མི་གྲངས་༡༢་ཕྱི་ཚེས་༡༩་ཉིན་གློད་བཀྲོལ་དུ་བཏང་འདུག   ད་དུང་མི་གྲངས་གསུམ་མུ་མཐུད་ནས་བཀག་ཉར་འོག་ཏུ་ཡོད་པ་རེད་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org