དབྱར་རྩྭ་དགུན་འབུ་རྐོ་སློག་བྱེད་སྟངས་དང་འབྲོག་པའི་རྩྭ་ས་དང་ཁོར་ཡུག་ལ་གནོན་སྐྱོན་ཡོད་མེད།

དབྱར་རྩྭ་དགུན་འབུ་རྐོ་སློག་བྱེད་སྟངས་དང་། དབྱར་རྩྭ་དགུན་འབུ་དང་བོད་མིའི་འཚོ་བའི་བར་གྱི་འབྲེལ་བ་དེ་བཞིན་འབྲོག་པའི་རྩྭ་ས་དང་ཁོར་ཡུག་ལ་གནོན་སྐྱོན་ཡོད་མེད་སོགས་ཀྱི་ཐད་གླེང་མོལ།

དབྱར་རྩ་དགུན་འབུ། བི་ཀི་པི་ཌི་ཡ།

༄༅།།ད་ལྟ་ནི་དབྱར་དགུན་འབུ་བརྐོ་སློག་གི་དུས་ཚིགས་ཡིན་ཞིང་། དབྱར་རྩྭ་དགུན་འབུ་རྐོ་སློག་བྱེད་སྟངས་དང་། སྤྱིར་ན་དབྱར་རྩྭ་དགུན་འབུ་དང་བོད་མིའི་འཚོ་བའི་བར་གྱི་འབྲེལ་བ་དང་།   དབྱར་རྩྭ་དགུན་འབུ་ལོ་མང་རིང་བསྟུད་མར་སློག་པ་དེས་འབྲོག་པའི་རྩྭ་ས་དང་ཁོར་ཡུག་ལ་གནོན་སྐྱོན་ཡོད་མེད། དེ་བཞིན་དབྱར་རྩྭ་དགུན་འབུ་འཐུ་ཞོར་དུ་ཁོར་ཡུག་སྲུང་སྐྱོང་བྱེད་སྲོལ་ཅི་ཞིག་ཡོད་པ་ལ་སོགས་པའི་ཐད། འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཚོང་ལས་བྱེད་མྱོང་བའི་བོད་ནང་གི་བོད་མི་གུང་དཀར་ངེས་དོན་ལགས་དང་། ཨུ་རུ་སའི་བྷུར་ཡ་ཏི་རུ་གསོ་རིགས་ཀྱི་ལས་ཀ་གཉེར་གྱིན་པའི་སྐལ་བཟང་རྡོ་རྗེ་ལགས་རྣམ་པ་གཉིས་དང་ལྷན་དུ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org