རྒྱ་ནག་ཏུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་མཆོག་བོད་ནང་བོད་པའི་ཐད་གླེང་མོལ།

ཉེ་ཆར་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་མཆོག་བོད་ནང་ཕེབས་སྐབས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་དང་ཡང་ན་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་སྐུལ་བ་གནང་ཡོད་པ།

༢༠༡༩།ཉེ་ཆར་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་མཆོག་བོད་ནང་ཕེབས་སྐབས། ཨ་རིའི་གཞུང་ཚབ་ཁང་།

༄༅།།ཉེ་ཆར་བོད་དུ་འཚམས་གཟིགས་གནང་མཁན་རྒྱ་ནག་ཏུ་བཅའ་བཞུགས་ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་ Terry Branstadམཆོག་གིས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་མི་མཐུན་པའི་གནད་དོན་ཁག་སེལ་ཆེད་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་སོགས་ཀྱི་ཐད། བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དང་ཕྱི་འབྲེལ་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་ཤར་ཙོང་བསྟན་འཛིན་བདེ་ལྡན་ལགས་དང་ལྷན་རྩོམ་སྒྲིན་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org