མགོ་ལོག་ནང་སྐད་གཅིག་སློབ་གསོ་ལག་ལེན་སྐོར་བགྲོ་གླེང་།
མགོ་ལོག་གིས་རྒྱ་ཡིག་གཙོར་བཟུང་བྱས་པའི་སློབ་ཁྲིད་མ་དཔེ་གཉིས་པ་ལག་བསྟར་བཀའ་རྒྱ་བཀྲམ་པའི་སྐོར་བགྲོ་གླེང་།
-
2019-05-31 -
-
-
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ལས་ཁུངས་ཀྱི་ཡིག་ཆ།
སྟག་ལྷ་རྒྱལ།
Your browser doesn’t support HTML5 audio
༄༅།།ཉེ་ཆར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལོའི་སྟོན་ཀ་ནས་བཟུང་རྫོང་དང་ཞང་གི་སློབ་ཆུང་ཁག་གི་འཛིན་རིམ་དང་པོར་སློབ་ཁྲིད་མ་དཔེ་གཉིས་པའམ་སྐད་གཅིག་སློབ་གསོ་ལག་ལེན་དུ་དངོས་སུ་བསྟར་རྒྱུ་ཡིན་པའི་སྲིད་ཇུས་དེའི་སྐོར་ལ། ཁྲིམས་ལུགས་དང་སྲིད་ཇུས་སོགས་ཀྱི་ཐད།་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་པ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་དང་ཆབ་སྲིད་དཔྱད་བརྗོད་པ། ད་ལྟ་ཡུ་རོབ་སི་པན་དུ་བཞུགས་པའི་སྐུ་ཞབས་སངས་རྒྱས་སྐྱབས་ལགས་དང་། ༼ཁྲིམས་གླེང་དྲ༽རྒྱ་གཙོ་སྐྱོང་པ་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ། ད་ལྟ་ཨ་རི་ན་བཞུགས་པའི་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་ལྷན་དུ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།