བོད་རིགས་གཞོན་སྐྱེས་དང་ཤེས་ཡོན།

བོད་ཕྲུག་ཁ་ཅིག་ལ་བོད་ནས་རྒྱ་གར་ལ་ཡོང་དགོས་པའི་དམིགས་ཡུལ་དང་ད་ལྟ་སློབ་གྲྭའི་ནང་སློབ་སྦྱོང་གཙོ་བོ་ག་རེ་གནང་གི་ཡོད་མེད་སྐོར་གླེང་བ།

རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་གྲགས་ཅན་སློབ་གྲྭ་ཧནྶ་རཱཇ།

༄༅།    །ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་།    བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཡོང་ནས་ད་ལྟ་རྒྱ་གར་གྱི་མཐོ་སློབ་ཁག་ནང་ལ་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་བུ་མོ་ཁག་གཅིག་ལ་ཁོང་རྣམས་དང་པོ་བོད་ནས་རྒྱ་གར་ལ་ཡོང་དགོས་པའི་དམིགས་ཡུལ་དང་ད་ལྟ་སློབ་གྲྭའི་ནང་སློབ་སྦྱོང་གཙོ་བོ་ག་རེ་གནང་གི་ཡོད་མེད། སློབ་སྦྱོང་བྱེད་པའི་སྐབས་ལ་དཀའ་ངལ་གང་ཞིག་འཕྲད་ཀྱི་ཡོད་མེད་སོགས་གནས་སྟངས་སྤྱིའི་སྐོར་ལ་ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོུའི་མཐོ་སློབ་ནང་ལ་དབྱིན་ཡིག་ཆེད་ལས་ཀྱི་སློབ་སྦྱོང་བྱེད་བཞིན་པའི་ཕ་ཡུལ་སྡེ་དགེ་རྨེ་ཤོད་མཁར་གསར་གྲོང་པ་ནས་ཡིན་པའི་བུ་མོ་དོན་གྲུབ་སྒྲོལ་མ་ལགས་དང་། རྒྱ་གར་ལྷོ་ཕྱོགས་ཁྲིམས་ལུགས་ཆེད་ལས་སློབ་སྦྱོང་བྱེད་བཞིན་པའི་ཕ་ཡུལ་ལི་ཐང་ནས་ཡིན་པའི་བུ་མོ་ཡ་མ་ཆོས་འཛོམས་ལགས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བེུད་མཐོ་སློབ་ནང་དབྱིན་ཡིག་་ཆེད་ལས་སློབ་སྦྱོང་བྱེད་བཞིན་པའི་ཕ་ཡུལ་ནང་ཆེན་ནས་ཡིན་པའི་བུ་མོ་འཆི་མེད་དབྱངས་འཛོམས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བེུད་མཐོ་སློབ་ནང་དབྱིན་ཡིག་ཆེད་ལས་པ་སློབ་སྦྱོང་བྱེད་བཞིན་པའི་ཕ་ཡུལ་ལ་དྭགས་ནས་ཡིན་པའི་བུ་མོ་པདྨ་ལྷ་མོ་ལགས་བཅས་དང་ལྷན་དུ་གླེང་མོལ་ཞུས་པར་གསན་རོགས་གནང་།།


གསར་འགོད་པ་བློ་བཟང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org