བོད་ལུགས་སྨན་པ་ཞིག་གིས་བོད་སྨན་བསྟེན་ནས་དྲག་སྐྱེད།
2020.04.08

༄༅།།དེ་རིང་གི་ཁ་བའི་གྲོས་རྭའི་ལེ་ཚན་ནང་།ཨ་རི་ནིའུ་ཡོག་ཏུ་བཅའ་བཞུགས་བོད་ལུགས་སྨན་པ་ཟླ་བ་ལགས་ལ་ཏོག་དབྱིབས་ནད་ཡམས་འགོས་རྗེས་ཁོང་རང་ཉིད་ཀྱིས་བོད་སྨན་བསྟེན་པས་དྲག་སྐྱེད་ཇི་ལྟར་བྱུང་བའི་སྐོར་དང་།ནིའུ་ཡོག་དང་ནུ་ཇར་སི་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་ཚོགས་གཙོ་བྱམས་པ་དབང་གྲགས་ལགས་དང་བོད་རིགས་སྨན་ཞབས་པ་བཅུ་གྲངས་ཙམ་གྱིས་ཞལ་ལགས་བཟོས་ནས་བསྐྱལ་བའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྐོར་དང་། ཡང་རྒྱ་གར་ནང་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་རྒྱ་གར་དབུས་ས་གཉིས་ལ་ཏོག་དབྱིབས་ནད་འབུ་གསར་པ་འགོག་ཐབས་ཆེད་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཞལ་འདེབས་ཕུལ་བའི་གནད་དོན་སྐོར་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གླེང་བར་ཉན་རོགས་ཞུ།།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།