བོད་ཀྱི་ནང་པའི་སློབ་གཉེར་ཁང་དུ་ཆོས་འབྲེལ་མཛད་སྒོ།
2018.08.21

༄༅། །ཟླ་འདིའི་ཕྱི་ཚེས་༡༩ཉིན། ཨ་རིའི་ནེའུ་ཇར་སི་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་བོད་ཀྱི་ནང་པའི་སློབ་གཉེར་ཁང་དུ་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་མི་ཁག་ཅིག་དང་ཕྱི་རྒྱལ་དད་ལྡན་པ་མི་ཉུང་བ་ཞིག་འདུ་འཛོམས་ཀྱིས་རྒྱལ་བ་བྱམས་པའི་སྐུ་བརྙན་གདན་འདྲེན་ཞུས་ནས་ཆོས་ཀྱི་བྱེད་སྒོ་ཞིག་སྤེལ་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་བསྟན་འཛིན་བདེ་སྐྱིད།