ལམ་ཕྱོགས་དམར་པོ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལམ་ཕྱོགས་དམར་པོ ཞེས་པའི་ཉམས་ཞིབ་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པ།

ལམ་ཕྱོགས་དམར་པོ ཞེས་པའི་ཉམས་ཞིབ་སྙན་ཐོ། སྟག་ལྷ་རྒྱལ།

༄༅༎ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཞེས་པའི་ལེ་ཚན་ནང་དུ། རྒྱ་གཞུང་གིས་བོད་ནང་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ཟེར་བའི་ཆབ་སྲིད་ལས་འགུལ་ཞིག་སྤེལ་ཏེ། བོད་ཀྱི་ས་ཁུལ་ཁག་ཏུ་བོད་མིའི་སྤྱི་དམངས་ཁེ་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩ་མེད་དུ་བཏང་ནས་སྔོན་ཆད་བྱུང་མྱོང་མེད་པའི་འགུལ་སྐྱོད་ཅིག་སྤེལ་དང་སྤེལ་གྱིན་ཡོད། འགུལ་སྐྱོད་དེར་གཞིགས་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་  ལམ་ཕྱོགས་དམར་པོ ཞེས་པའི་ཉམས་ཞིབ་སྙན་ཐོ་ཞིག་ཉེ་ཆར་འདོན་སྤེལ་བྱས་ཡོད་པའི་སྐོར། སྟག་ལྷ་རྒྱལ་ལགས་ཀྱིས་འབྲེལ་ཡོད་མི་སྣ་དང་ལྷན་དུ་བགྲོ་གླེང་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་སྟག་ལྷ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org