བཙུམ་ཡུལ་དུ་སྲོག་གཅོད་སྤོང་བའི་ཁྲིམས་གཞི་བདམས་ནས་ལོ་བརྒྱ་ལྷག་སོང་པ།
2023.05.09
བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་དངོས་སུ་ཕེབས་ཤིང་། ༧སྐྱབས་རྗེ་འབྲུག་པ་རིན་པོ་ཆེ་དབུ་བཞུགས་མཛད་དེ་མཛད་སྒོ་གནང་ཡོད་འདུག དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག་ནི་བཙུམ་ས་གནས་ཀྱི་སྡོད་མའི་མི་རིགས་ཤིག་དང་ཁུལ་དེ་ནས་གདན་ས་ཆེ་ཁག་གི་མཁན་རིན་པོ་ཆེའི་ཁྲིར་འཁོད་མཁན་ཐོག་མའི་གྲས་ཤིག་གྱུར་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཤར་རྩེ་མཁན་རིན་པོ་ཆེ་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།