ཨེ་མོ་རི་བོད་ཀྱི་ཚན་རིག་ལས་འཆར་གྱི་དམིགས་ཡུལ་དང་མ་འོངས་ལས་དོན་གནང་ཕྱོགས།

ཨེ་མོ་རི་བོད་ཀྱི་ཚན་རིག་ལས་འཆར་གྱི་འོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་བསྟན་འཛིན་རྒྱ་མཚོ་སློབ་ཡོན་སོན་མཁན་གྱི་སློབ་མ་རྣམས་ལ་ཕྱི་ཟླ་ ༥ ཚེས་ ༨ ཉིན་སློབ་མཐར་སོན་པའི་ལག་འཁྱེར་ཐོབ་སྟེ་ལོ་གཉིས་ཀྱི་ཚན་རིག་སློབ་གཉེར་ལེགས་གྲུབ་བྱུང་སྟེ་རྒྱ་གར་དུ་ཕྱིར་ཕེབས་གནང་གི་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལས་འཆར་འདིའི་དམིགས་ཡུལ་ཁག་དང་། མ་འོངས་ལས་དོན་གནང་སྒོ་བཅས་ཀྱི་སྐོར། ཨེ་མོ་རི་བོད་ཀྱི་ཚན་རིག་ལས་འཆར་འབྲེལ་མཐུད་པ་ཀརྨ་བསྟན་འཛིན་ལགས་དང་། ལོ་གཉིས་ཀྱི་སློབ་མཐར་སོན་པའི་ཁོངས་ནས་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་སྐལ་བཟང་ལྷ་མོ་ལགས། ར་སྟོད་གྲྭ་ཚང་གི་དགེ་སློང་བཀྲིས་རྒྱལ་ཚན་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག