འཛམ་གླིང་དངུལ་ཁང་གིས་རི་དྭགས་སྲུང་སྐྱོབ་ཆེད་རོགས་རམ།
2011.04.10
༄༅༎འཛམ་གླིང་དངུལ་ཁང་གིས་སྦང་ལ་རྡེཤ་དང་བལ་ཡུལ་ནང་སྟོང་ཉེ་བའི་རི་དྭགས་གཅན་གཟན་སྲུང་སྐྱོབ་ཆེད་རོགས་སྐྱོར་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་འཛམ་གླིང་དངུལ་ཁང་གིས་ཨ་ཤེ་ཡའི་ནང་སྟོང་ལ་ཉེ་བའི་གཅན་གཟན་རི་དྭགས་སྲུང་སྐྱོབ་ཀྱི་སྔོན་འགྲོའི་འཆར་གཞི་ལག་བསྟར་ཆེད་སྦང་ལ་རྡེཤ་དང་ཨ་རིའི་ཌོ་ལར་ས་ཡ་༣༦སྔ་འདོན་དང་ བལ་ཡུལ་ལ་ཌོ་ལར་ས་ཡ་གསུམ་རོགས་སྐྱོར་གནང་རྒྱུ་ཡིན་འདུག གལ་ཆེའི་ལས་འཆར་འདིའི་ཐོག་ནས་ཨེ་ཤེ་ཡའི་ནང་སྟོང་ལ་ཉེ་བའི་རི་དྭགས་སེམས་ཅན་ཁྲིམས་འགལ་གསོད་ནས་ནག་ཚོང་སོགས་བཀག་སྡོམ་དང་སྲུང་སྐྱོབ་ཀྱི་ལས་དོན་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་སྐོར་འཛམ་གླིང་དངུལ་ཁང་གིས་གསལ་བསྒྲགས་གནང་འདུག འཛམ་གླིང་ནང་སྟོང་ལ་ཉེ་བའི་རི་དྭགས་གཅན་གཟན་བརྒྱ་ཆ་བཅོ་ལྔ་ཙམ་ལྷོ་ཨེ་ཤེ་ཡའི་ནང་ཡོད་པ་དང་ལྷག་པར་དུ་ད་ཆ་འཛམ་གླིང་གཅན་གཟན་སྟག་གསུམ་སྟོང་ཙམ་མེད་པ་ལས་བརྒྱ་ཆ་༦༥ལྷག་སྦང་ལ་རྡེཤ་དང་ འབྲུག་ རྒྱ་གར་ བལ་ཡུལ་བཅས་ནང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།