ལྷོ་ཨ་ཕི་རི་ཀའི་གཞུང་ལ་ཤུགས་ཆེའི་སྐྱོན་བརྗོད།
ལྷོ་ཨ་ཕི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ཕྱག་འཁྱེར་མ་ཕུལ་བ་དེར་ཡེ་ཤུ་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་སྐྱོན་བརྗོད།
-
2011-10-06 -
-
-
༄༅༎ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་དགུང་གྲངས་༨༠ཐམ་པའི་འཁྲུངས་སྐར་ཉིན་མོའི་མཛད་སྒོར་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུ་ཕུལ་ཡོད་ཀྱང་དེར་ལྷོ་ཨ་ཕི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ཕྱག་འཁྱེར་མ་ཕུལ་བ་དེར་ཡེ་ཤུ་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་ལྷོ་ཨ་ཕི་རི་ཁའི་སྲིད་འཛིན་ཇེ་ཁོབ་ཛུ་མ་གི་གཞུང་ལ་སྐྱོན་འཛུགས་གནང་སྟེ་དེ་ནི་དེ་སྔོན་མི་རིགས་དཀར་པོའི་སྲིད་གཞུང་ལས་སྡུག་པ་དང་ རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཕྱིན་པའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།
ལྷོ་ཨ་ཕི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ཕྱག་འཁྱེར་མ་འབུལ་བ་དེར་རྒྱལ་སྤྱིའི་ཐོག་ལའང་གླེང་ཕྱོགས་ཤུགས་ཆེ་ཞིག་ཆགས་ཡོད་པ་རེད། དབྱིན་ཇིའི་འབྱོར་ལྡན་ཕྱུག་བདག་ཡིན་པ་རི་ཆདྲ་སྦེ་རེན་སེན་ཞུ་བ་ཁོང་གིས་ཀྱང་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཇེ་ཁོབ་ཛུ་མ་ལ་ཕྱག་བྲིས་ཕུལ་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་ཕྱག་འཁྱེར་འབུལ་གནང་དགོས་པའི་སྐུལ་མའི་ཕྱག་བྲིས་ཤིག་ཀྱང་གནང་ཡོད་ཀྱང་ལྷོ་ཨ་ཕི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཕྱག་འཁྱེར་མ་འབུལ་བ་དེར་སྐྱོན་འཛུགས་གནང་ཡོད་པ་རེད།