ཨ་རིའི་རོགས་ཚོགས་ཀྱི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་སཱ་ལར་འབྱོར་འདུག

ཨ་མི་རི་ཀའི་རོགས་ཚོགས་(USAID)་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བཞུགས་སྒར་རྡ་རམ་སཱ་ལར་ཉིན་གྲངས་བཞིའི་རིང་གཟིགས་སྐོར་གནང་བཞིན་འདུག

ཨ་རིའི་རོགས་ཚོགས་ཀྱི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་སཱ་ལར་འབྱོར་སྐབས། ༠༣།༢༡།༢༠༢༢ tibet.net

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་གི་རོགས་ཚོགས་(USAID)་ཀྱི་བཙན་བྱོལ་བོད་མི་ཚོར་རོགས་རམ་གནང་མཁན་གྱི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག འདི་ཚེས་༢༡་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་སཱ་ལར་ཕེབས་འབྱོར་བྱུང་ཡོད་པ་དང་། ཀངྒ་ར་གནམ་ཐང་དུ་ཕེབས་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འབྲེལ་ཡོད་ལས་བྱེད་རྣམ་པས་ཕེབས་བསུའི་སྣེ་ལེན་གནང་འདུག
ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་དེ་དག་གིས་ཉིན་གྲངས་བཞིའི་རིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། འཕྲོད་བསྟེན་དང་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་རྣམས་དང་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། བོད་ཀྱི་ཟློས་གར་ཚོགས་པ། བོད་ཀྱི་ཐེབས་རྩའི་ཡན་ལག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་། ཉེ་འཁོར་སློབ་གྲྭ་དང་གཞིས་ཆགས་བཅས་སུ་ཕེབས་ནས་འབྲེལ་ཡོད་ཚོ་དང་ཡང་མཇལ་འཕྲད་དང་གཟིགས་སྐོར་གནང་རྒྱུ་ཡིན་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org