ཨ་མེ་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ།
ཨ་མེ་རི་ཀ་དང་རྒྱ་ནག་གི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནས་བབས་ཆེས་སྡུག་པོ་ཞིག་ཏུ་གྱུར་ཡོད་པ།
-
2019-05-11 -
-
-
ཨ་མེ་རི་ཀ་དང་རྒྱ་ནག་གི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནས་བབས་ཆེས་སྡུག་པོ་ཞིག་ཏུ་གྱུར་ཡོད་པ།
ཨེ་ཨེཕ་པི།
དེ་སྔོན་ཕྱི་ལོ་ ༡༩༣༠ དུས་རབས་ནས་རྒྱལ་ཁབ་གཉིས་དབར་གྱི་ཚོང་འབྲེལ་གྱི་དཀའ་རྙོག་དེ་ད་བར་བྱུང་མྱོང་མེད་པ་ཞིག་ཆགས་ཡོད་ཅིང་། རེས་གཟའ་པ་སངས་ཉིན་ཨ་མེ་རི་ཀའི་སྲིད་འཛིན་ Donald Trump མཆོག་གིས་ཨ་མེ་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱས་པའི་མ་གནས་ཨ་མེ་རི་ཀའི་ཌོ་ལར་ཐེར་འབུམ་ ༢༠༠ ཐམ་པའི་དངོས་ཟོག་སོགས་ལ་སྒོ་ཁྲལ་ལྡབ་གཅིག་གིས་སྤར་ཆ་གནང་བ་དང་དུས་མཉམ་ཉིན་དེར་ཨ་མེ་རི་ཀ་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ཐེངས་ ༡༡ པ་དེ་གྲོས་ཐག་གང་ཡང་མ་བྱུང་བར་མཚམས་འཇོག་གནང་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་ཚོང་དོན་སྐུ་ཚབ་རྣམས་ཨ་མེ་རི་ཀ་ནས་ཕྱིར་ཐོན་མཚམས་ཨ་མེ་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱས་པ་དང་ད་བར་སྒོ་ཁྲལ་འཕར་མ་མ་བཀལ་བའི་དངོས་ཟོག་སོགས་མ་གནས་ཨ་མེ་རི་ཀའི་ཌོ་ལར་ཐེར་འབུམ་ ༣༠༠ ཐམ་པར་སྒོ་ཁྲལ་སྤར་ཆ་གནང་རྒྱུའི་འཆར་གཞི་ཡོད་པའི་གསལ་བསྒྲགས་གནང་ཡོད་པ་རེད༎