ཨ་རིས་བལ་ཡུལ་སྲིད་བློན་གསར་པར་དགའ་བསུ།

བལ་ཡུལ་གྱི་སྲིད་བློན་གསར་པ་འདེམས་ཐོན་བྱུང་བར་ཨ་མི་རི་ཀའི་དགའ་བསུ་ཞུས་འདུག།

༄༅༎ཨ་མི་རི་ཀའི་གཞུང་གིས་བལ་ཡུལ་གྱི་མའོའི་དམར་ཤོག་ཚོགས་པའི་ཚོགས་མི་རྒན་གྲས་སྦ་སྦུ་རམ་བ་ཏ་རའེ་ལ་བལ་ཡུལ་གྱི་སྲིད་བློན་བསྐོ་བཞག་བྱུང་བ་དེས་ བལ་ཡུལ་གྱི་ཞི་བདེའི་ལས་དོན་ཚགས་ཚུད་དུ་འགྲོ་རྒྱུ་དང་ རྩ་ཁྲིམས་གསར་བཟོའི་ལས་གཞི་མྱུར་དུ་འགྲོ་རྒྱུའི་རེ་བ་ཡོད་པ་ ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ལྦིཀ་ཀྲོ་རི་ཡ་ནའུ་ལེནདྲ་གྱིས་གསར་འགོད་པ་ཚོར་གསུངས་ཡོད་པ་རེད།

ཁོང་གིས་ང་ཚོའི་ངོས་ནས་སྲིད་བློན་སྦ་ཏ་རའེའི་སྣེ་འཁྲིད་འོག་ཨ་མི་རི་ཀ་དང་བལ་ཡུལ་དབར་གྱི་འབྲེལ་ལམ་བཟང་པོ་དེ་མུ་འཐུད་མདུན་བསྐྱོད་ཐུབ་རྒྱུར་ ཁོང་དང་ལྷན་དུ་འབྲེལ་ལམ་ཞུ་རྒྱུའི་འདུན་པ་ཆེན་པོ་ཡོད་ཅེས་གསུངས་འདུག།

གཟའ་ཟླ་བ་ཉིན་བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཚོས་གྲོས་ཚོགས་ཀྱི་ལས་ཡུན་ད་དུང་ཟླ་བ་གསུམ་རིང་ཕར་འགྱངས་བྱེད་རྒྱུར་གྲོས་འཆམ་བྱུང་ཞིང༌། དུས་ཡུན་དེའི་རིང་རྩ་ཁྲིམས་གསར་པའི་ཟིན་བྲིས་མཇུག་བསྒྲིལ་ཡོང་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་པ་རེད། ཕྱི་ལོ་ ༢༠༠༦ བལ་ཡུལ་གྱི་ནང་འཁྲུག་མཇུག་བསྒྲིལ་བ་དང་ ཕྱི་ལོ ༢༠༠༨ ལོར་བལ་ཡུལ་གྱི་རྒྱལ་པོས་སྐྱོང་བའི་ལམ་ལུགས་མེད་པ་བཟོས་རྗེས་ རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པའི་ཟིན་བྲིས་བཟོ་འགོ་བཙུགས་ཀྱང་ ཆབ་སྲིད་ཀྱི་དཀའ་རྙོག་མང་དག་ཅིག་གི་འོག་རྩ་ཁྲིམས་གསར་བཟོའི་ཟིན་བྲིས་ད་དུང་ཡང་མཇུག་བསྒྲིལ་མེད་ལ་ ཆབ་སྲིད་ཤོག་ཁག་འདྲ་མིན་གྱི་འཐེན་འཁྱེར་གྱི་ཤུགས་རྐྱེན་འོག་ཞི་བདེའི་ལས་དོན་ཚགས་ཚུད་ངང་སྤེལ་ཐུབ་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org