ཨ་རི་དང་རྒྱ་ནག་འབྲེལ་ལམ་ཐོག་ཨ་རི་གྲོས་ཚོགས་ཀྱི་སྣང་ཚུལ།
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཚོས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་དེའི་ཐོག་རྣམ་པ་གསར་པ་ཞིག་གཟིགས་ཀྱི་ཡོད་པ་རེད་འདུག
-
2009-07-30 -
-
-
༄༅༎ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཚོས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་དེའི་ཐོག་རྣམ་པ་གསར་པ་ཞིག་གཟིགས་ཀྱི་ཡོད་པ་རེད་འདུག
དེའང་ད་རེས་བདུན་ཕྲག་འདིའི་ནང་ཨ་རིའི་རྒྱལ་ས་ལྦ་ཤིན་ཊོན་དུ་ཨ་རི་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དབར་ལ་ཕན་ཚུན་ཕྱོགས་གཉིས་དབར་གྱི་དཔལ་འབྱོར་མཉམ་ལས་གནང་རྒྱུ་ལ་སོགས་པའི་འབྲེལ་ཡོད་གནས་ཚུལ་ཁག་གི་ཐོག་བཀའ་མོལ་གནང་ཡོད་ཅིང་ཐེངས་འདིའི་ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཚོའི་མཇལ་འཛོམས་བཀའ་མོལ་དེའི་ཁྲོད་བཞུགས་མཁན་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་རིཀ་ལའར་སེན་མཆོག་ནས་ད་རེས་ཀྱི་ཨ་རི་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་ཕྱོགས་གཉིས་དབར་གྱི་མཉམ་ལས་གནང་ཕྱོགས་སྐོར་གྱི་འབྲེལ་ཡོད་མཇལ་འཛོམས་ཁག་གི་ཐོག་རྒྱ་ནག་གི་སྐུ་ཚབ་དཔོན་རིགས་ཚོར་ཨ་རི་དང་མཉམ་ལས་བྱེད་རྒྱུ་དང་དེ་བཞིན་ཕྱོགས་ཡོངས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་འདོད་ཡོད་པའི་རྣམ་པ་གསར་པ་ཞིག་མཐོང་རྒྱུ་ཡོད་པའི་གནས་ཚུལ་གསུངས་འདུག་ལ་ད་རེས་ཨ་རི་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་མཇལ་འཛོམས་བཀའ་མོལ་དེའི་ཐོག་རྒྱ་ནག་ནས་ཁྱོན་མི་བརྒྱ་དང་ལྔ་བཅུ་ལས་གྲུབ་པའི་འབྲེལ་ཡོད་མཐོ་རིམ་དཔོན་རིགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཨ་རིའི་ནང་མངགས་གཏོང་བྱས་ཡོད་མ་ཟད་ཨ་རི་ང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཚོའི་མཇལ་འཛོམས་བཀའ་མོལ་དེའི་ཐོག་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ཕེབས་བཞུགས་གནང་ཡོད་པ་མ་ཟད་ད་དུང་ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་ནག་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ནི་དུས་རབས་དེའི་ནང་གནས་སྟངས་འགྱུར་བ་ཆེན་པོ་ཞིག་གཏོང་ཐུབ་པའི་གལ་ཆེའི་གནས་ཚུལ་ཞིག་ཡིན་པའི་སྐོར་གསུངས་ཡོད་པ་རེད་འདུག་ལ་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་རིཀ་ལའར་སེན་ནས་ངས་ད་རེས་ཐུག་འཕྲད་བྱུང་བའི་རྒྱ་ནག་གི་དཔོ་ནརིགས་ཚོས་ཨ་རི་དང་མཉམ་ལས་བྱེད་འདོད་ཡོད་པའི་འདུན་པ་ཆེན་པོ་ལྡན་པའི་ཚིག་སྦྱོར་ཐེངས་མང་བེད་སྤྱོད་བཏང་གི་ཡོད་པར་ཡང་གསུངས་འདུག་ལ་ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་དང་དེ་བཞིན་འཛམ་གླིང་གི་གནམ་གཤིས་འགྱུར་འགྲོའི་གནད་དོན་དེ་ཚོའི་ཐོག་ཨ་རི་དང་རྒྱ་ནག་དབར་མུ་མཐུད་རྩོད་རྙོག་ཡོང་རྒྱུ་ཡིན་པར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཚོས་ངོས་འཛིན་གནང་གི་ཡོད་པ་རེད་འདུག།