ཨ་རིས་རྒྱ་ནག་ནས་ནང་འདྲེན་གྱི་ཚོང་ཟོག་ཐོག་ཁྲལ་སྤར་སྲིད་པ།
རྒྱ་ནག་ནས་ཚོང་ཟོག་ནང་འདྲེན་བྱེད་པའི་ཐོག་ཟོག་ཁྲལ་འཕར་མ་འགེལ་རྒྱུའི་འཆར་འགོད་གཏན་འབེབས་ཤིག་ཐག་གཅོད་བྱུང་ཡོད་པ་རེད།
-
2010-09-25 -
-
-
༄༅༎འདས་པའི་འཛམ་གླིང་ཚོང་རྭའི་དངུལ་གྱི་འཛའ་ཐང་འཕར་ཆག་གཏོང་བའི་བྱ་རིམ་གྱི་ནང་ཨ་མི་རི་ཁ་དང་རྒྱ་ནག་གི་དབར་ཚོང་འབྲེལ་སྐབས་ཨ་རིའི་ཌོ་ལར་དང་རྒྱ་ནག་གི་དངུལ་སྒོར་ཡོན་གྱི་དབར་དངུལ་བརྫེས་སྐབས་འཛའ་ཐང་ཆུང་ཆུང་བཟོས་ཏེ་ཨ་མི་རི་ཁར་གྱོང་རྒུད་ཤུགས་ཆེ་ཕོག་གི་ཡོད་པ་རེད། དེའི་ཐད་ཨ་མི་རི་ཁ་དང་འཛམ་གླིང་ནང་ཚོང་འབྲེལ་གནང་མཁན་ཡུལ་གྲུ་ཚོས་རྒྱ་ནག་གཞུང་ལ་དངུལ་གྱི་འཛའ་ཐང་རན་པོ་བཟོ་དགོས་པའི་དགོས་འདུན་བརྗོད་ཀྱང་དེར་རྒྱ་ནག་གི་ཕྱོགས་ནས་སྲུང་བརྩི་མ་གནང་བར་བརྟེན་ ད་རེས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ནང་དམིགས་བསལ་བཀའ་བསྡུར་ཞིག་གནང་སྟེ་གལ་ཏེ་རྒྱ་ནག་གཞུང་གི་ཕྱོགས་ནས་དངུལ་གྱི་འཛའ་ཐང་བཅོས་བསྒྱུར་གཏོང་རྒྱུའི་ཨ་རིའི་རེ་བ་བསྐོང་མི་ཐུབ་ཚེ། དེའི་ཚབ་ཏུ་ང་ཚོས་རྒྱ་ནག་ནས་ཚོང་ཟོག་ནང་འདྲེན་བྱེད་པའི་ཐོག་ཟོག་ཁྲལ་འཕར་མ་འགེལ་རྒྱུའི་འཆར་འགོད་གཏན་འབེབས་ཤིག་རེས་གཟའ་པ་སངས་ཀྱི་ཉིན་ཐག་ཆོད་བྱུང་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་ལས་དོན་ལྷན་ཁང་གི་སྤྱི་ཁྱབ་སེན་ཌར་ལེ་ལྦིན་གྱིས་གསུངས་པར་ གོང་གསལ་ཐག་གཅོད་དེ་ནི་ང་ཚོ་ཨ་མི་རི་ཁའི་ཕྱོགས་ནས་རྒྱ་ནག་དང་ཚོང་འབྲེལ་སྐབས་དངུལ་གྱི་འཛའ་ཐང་གི་དཀའ་ངལ་སེལ་རྒྱུའི་ཆེད་དུ་ཨ་རིའི་ཕྱོགས་ནས་ལག་བསྟར་བྱ་རྒྱུའི་ལག་ཆ་ལྟ་བུ་ཞིག་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ཁོང་གིས་མུ་མཐུད་དེ་གསུངས་པར་རྒྱ་ནག་གིས་རྒྱལ་སྤྱིའི་ཚོང་རའི་ནང་དངུལ་འཛའ་ཐང་འགྲོ་ལུགས་དྲང་པོ་མེད་པའི་གནས་སྟངས་དེས་རྒྱལ་སྤྱིའི་ཚོང་རའི་ནང་ལའང་མང་པོར་ཚོང་ལས་བྱ་མི་བདེ་བའི་གནས་སྟངས་དང་དེ་བཞིན་ང་ཚོ་ཨ་མི་རི་ཁའི་ཡུལ་མིའི་ལས་ཀ་དང་ལས་ཀའི་གནས་བབ་སོགས་པར་དོ་ཕོག་འགྲོ་ཡི་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་བཞག།