མང་ར་ཕྱོགས་སུ་ཆུ་ལོག་བརྒྱུགས་ནས་མི་གཉིས་གྲོངས་འདུག
མཚོ་ལྷོ་མང་ར་རྫོང་ཁོངས་སུ་ཆུ་ལོག་བརྒྱུགས་ནས་མི་གཉིས་གྲོངས་པ་སོགས་མི་རྒྱུ་གཉིས་ལ་གནོད་འཚེ་ཐེབས་ཡོད་པ་རེད།
-
2016-07-11 -
-
-
Your browser doesn’t support HTML5 audio
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༧་པའི་ཚེས༩ཉིན་གྱི་ཆུ་ཚོད་༦་ནས་ཟླ༧་པའི་ཚེས་༡༠་ཉིན་བར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་ལ་ཆར་བ་ཤུགས་ཆེན་བབས་ནས་ཆུ་ལོག་རྒྱུག་པའི་ཁྲོད་ས་གནས་ཀྱི་མི་རྒྱུ་གཉིས་ལ་གནོད་འཚེ་ཐེབས་ཡོད་པ་རེད།
ཆུ་ལོག་གི་གནོད་འཚེ་ཁྲོད། ས་གནས་སུ་འདམ་ཆུ་རྒྱུགས་ནས་མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དང་། ད་དུང་ས་གནས་སུ་ཡོད་པའི་བོད་མི་སུམ་ཅུ་ཙམ་ཉེན་ཁའི་ནང་དུ་ལྷུང་ཡོད་པ་རེད།
ས་གནས་བོད་མི་ཞིག་གིས་བརྗོད་དོན། མང་ར་རྗོང་གི་མང་ར་ཡུལ་ཚོའི་ནང་དུ་ཡོད་པའི་གློག་ཁང་བརྒྱུད་ནས་ས་རུད་བྱུང་བ་དང་མི་གྲངས་གཉིས་སྐྱོབ་མ་ཐུབ་པར་ས་རུད་ནང་དུ་ཤོར་བ་དང་། ད་དུང་བོད་མི་གང་ཙམ་ལ་མུ་མཐུད་ནས་ཉེན་ཁ་ཡོད་པའི་སྐོར་ངོ་སྤྲོད་གནང་འདུག ད་དུང་ས་ཁུལ་རི་རྒྱུད་དུ་བོད་མི་འབྲོག་པ་དང་། འབྲོག་པའི་སེམས་ཅན་མང་པོ་ཡོད་པ་ཆུ་ལོག་དང་ས་རུད་ནང་ཤོར་ཡོད་པ་དང་། ད་ལྟ་བསྡོམས་པས་སེམས་ཅན་དང་རྒྱུ་ནོར་ག་ཚོད་ཙམ་གནོད་འཚེ་འོག་ཤོར་ཡོད་པ་གནས་ཚུལ་གསལ་པོ་མེདཔ་རེད།
ས་ཁུལ་གྱི་གནམ་གཤིས་སྔོན་བརྡ་ལས་ཁང་ནས་ས་ཁུལ་དུ་མུ་མཐུད་ནས་ཉིན་ཤས་རིང་ཆར་པ་ཆེན་པོ་ཡོད་པའི་སྔོན་དཔག་བྱས་ཡོད་པ་རེད་འདུག
སྤྱིར་སྟངས་བོད་མི་རྣམས་ཀྱིས་སུ་ཁུལ་ཆར་ཆུ་དང་ས་རུད་དང་ས་འགུལ་སོགས་ཀྱི་འཇིགས་པའི་སྔོན་འགོག་གི་ཆེད་དུ་རྒྱ་ནག་གི་གཏེར་ཁ་བསྔོག་འདོན་དང་། འཛུགས་སྐྲུན་གྱི་ལས་གྲ་སྔོན་འགོག་གི་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།