དྲ་རྒྱ་རྟོག་ཞིབ་པ་ས་ཡ་༢་ཡོད།

རྒྱ་ནག་ནང་དྲ་རྒྱའི་བརྒྱུད་ལམ་དང་། དྲ་འབྲེལ་ལས་དོན་ཐད་ཆེད་དུ་རྟོག་ཞིབ་བྱེད་མཁན་ལས་བྱེད་པ་ས་ཡ་གཉིས་ཙམ་ཡོད་འདུག

རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་ས་ཡ་མང་པོ་ཡོད་པ། ཨེ་ཨེཕ་པི།

༄༅༎རྒྱ་ནག་གཞུང་འབྲེལ་པེ་ཅིང་གི་གསར་འགྱུར་ཟེར་བའི་བརྒྱུད་ལམ་གྱི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དྲ་རྒྱའི་ལས་དོན་ལ་མྱུལ་ཞིབ་བྱེད་མཁན་གྱི་ལས་བྱེད་པ་ཆེས་མང་པོ་ཞིག་གི་ལས་ཀ་ནི། རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་ས་ཡ་མང་པོ་ཡོད་པ་དེ་དག་གིས་ཉིན་ལྟར་སྤྱི་ཚོགས་དྲ་རྒྱ་དང་ཟིན་ཐོ་དྲ་རྒྱ་སོགས་ཀྱི་ནང་གནས་ཚུལ་དང་བསམ་ཚུལ་ཇི་བཀོད་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་བརྗོད་འདུག་ཅིང་། དེའི་གོ་དོན་ནི་གནད་དོན་དབྱེ་ཞིབ་པ་ཚོས་དྲ་རྒྱ་ལོངས་སྤྱོད་པ་པོ་ཚོས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་སྐྱོན་བརྗོད་འགོག་ཐབས་དང་དྲ་རྒྱའི་ནང་གནས་ཚུལ་གང་བྱུང་སྤེལ་བའི་རྐྱེན་གྱིས་སྤྱི་ཚོགས་ཀྱི་ནང་འཁྲུག་རྐྱེན་སྔོན་འགོག་བྱ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org