བོད་ཀྱི་བེུད་རྒྱས་འཛོམས་ཚོགས་ཆེན་ཐེངས་བཅུ་པ་བསྐོང་ཚོགས།

བེུད་ལྷན་ཚོགས་ཀྱི་ཉིན་དྲུག་རིང་གི་རྒྱས་འཛོམས་ཚོགས་ཆེན་ཐེངས་༡༠པ་དེ་བཞུགས་སྒར་རྡ་རམ་ས་ལར་དེ་རིང་ནས་དབུ་འཛུགས་གནང་བཞག

2012.04.11

༄༅༎བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཉིན་དྲུག་རིང་གི་རྒྱས་འཛོམས་ཚོགས་ཆེན་ཐེངས་༡༠པ་དེ་བཞུགས་སྒར་རྡ་རམ་ས་ལར་དེ་རིང་ནས་དབུ་འཛུགས་གནང་བཞག། གོང་ཞུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་དེའི་ཐོག་ས་གནས་མི་འདྲ་བ་ཁག་༣༣ནས་བུད་མེད་རྒྱུན་ལས་ཚོགས་མི་༡༤༠མཉམ་ཞུགས་གནང་ཡོད་པ་རེད།
ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་རྣམ་གཉིས་ནས་ལྷན་ཚོགས་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་ཕེབས་ཞུགས་གནང་བཞག།
བུད་མེད་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་དེ་བཞིན་ལོ་གསུམ་རེའི་ནང་ཐེངས་རེ་གནང་སྲོལ་ཡོད་པ་ལྟར། ཚོགས་ཆེན་དེའི་ཐོག་ནས་བུད་མེད་ལྷན་ཚོགས་ཀྱི་སྒྲིག་གཞི་ཁག་ལ་བསྐྱར་ཞིབ་དང་བསྐྱར་བཅོས་གནང་རྒྱུའི་དབང་ཚད་ཆ་ཚང་ཡོད་པ་དང༌། ད་རེས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐེངས་༡༠པ་དེའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་སྐབས་༡༠པའི་དབུས་རྒྱུན་ལས་ཚོགས་མི་འོས་འདེམས་གནང་རྒྱུ་ཡིན་པ་རེད། ཉིན་དྲུག་གི་ལྷན་ཚོགས་གནང་བའི་ཉིན་མཐའ་མ་ཕྱི་ཚེས་༡༦ཉིན་གྱི་དགོང་དྲོ་ཕྱག་ཚོད་༥པའི་ཐོག་གསར་དུ་འོས་འདེམས་བྱུང་བའི་དབུས་རྒྱུན་ལས་ཀྱི་ཚོགས་མི་རྣམ་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཡག་རེད་འདུག།
ད་རེས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐེངས་༡༠པ་དེ་སྐོང་ཚོགས་མ་གནང་གོང༌། བོད་ཀྱི་བུད་མེད་ལྷན་ཚོགས་ནས་ ཟླ་བ་འདིའི་ཚེས་༧ནས་༡༠བར་ཉིན་གྲངས་བཞིའི་རིང་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་གཏོང་ཐབས་སྐོར་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ་དང༌། དེའི་ཐོག་བུད་མེད་ཀྱི་འཕྲོད་བསྟེན་དང༌། འགོ་ཁྲིད་། འགྲོ་བ་མིའི་ཐོབ་ཐང་སོགས་བརྗོད་གཞི་འདྲ་མིན་མང་པོ་ཞིག་ཐོག་ཕན་ཚུན་སྦྱང་བཤད་གོ་བསྡུར་གནང་ཡོད་པ་དང༌། ཉིན་གཉིས་རིང་བུད་མེད་ཀྱི་འགྲོ་ཁྲིད་གསོ་སྐྱོང་ཐོག་སྦྱོང་བརྡར་ཀྱང་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎