ཚེ་པེ་སྐྱིད་ནས་རང་ལུས་བསྲེགས་འདུག

མདོ་སྨད་རྔ་བར་ཚེ་པེ་སྐྱིད་ལགས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་བསྲེགས་ཏེ་སྐུ་གྲོངས་འདུག

མདོ་སྨད་རྔ་བར་ཚེ་པེ་སྐྱིད་ལགས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་བསྲེགས་ཏེ་སྐུ་གྲོངས་འདུག བོད་ནས་བཏང་འབྱོར།

༄༅།།ཕྱི་ཟླ་༡༢ཚེས་༢༢ཉིན་བོད་མདོ་སྨད་རྔ་བ་ཁུལ་དུ་བོད་པའི་བེུད་ཚེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཙན་གནོན་བྱེད་མུས་ལ་ངོ་རྒོལ་རྔམ་སྟོན་གནང་འདུག་  འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན།ད་རིང་ཕྱི་ཟླ་༡༢་པའི་ཙེས་༢༢་ཉིན་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་དགུང་གྲངས་༢༠་ཕེབས་པའི་བོད་པའི་བེུད་ཚེ་པེ་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་གནང་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཙན་གནོན་བྱེད་མུས་ལ་ངོ་རྒོལ་གནང་ཡོད་པ་དང་ ཁོང་གི་པ་ལགས་ཀྱི་མཚན་ལ་ཆུ་རྡོ་རིན་ཆེན་ལགས་ཞུ་ཡི་ཡོད་པ་དང་ཨ་མ་ལགས་ཀྱི་མཚན་ལ་ཅན་དཔའ་ལགས་ཡིན་པ་རེད༎
གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org