འདི་ལོའི་ནོ་བེལ་རྫས་སྦྱོར་རིག་པའི་གཟེངས་རྟགས།
ཨི་སི་རེལ་གྱི་ཚན་རིག་པ་ཞིག་ལ་རྫས་སྦྱོར་རིག་པའི་ཐོག་ནོ་བེལ་གཟེངས་རྟགས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
-
2011-10-06 -
-
-
༄༅༎ནོ་བེལ་གཟེངས་རྟགས་ཚོགས་ཆུང་ནས་ཁ་ས་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་གནང་བར་གཞིགས་ན། ལོ་འདིའི་རྫས་སྦྱོར་རིག་པའི་ནོ་བེལ་གཟེངས་རྟགས་དེ་བཞིན་ཨི་སི་རེལ་གྱི་མི་རིགས་ཌེན་ཤེཀ་ཀྲར་ཞུ་བར་གནང་རྒྱུ་ཡིན་འདུག ད་རིང་ཨི་སི་རེལ་གྱི་སྲིད་བློན་མཆོག་གི་མཚན་ཐོག་སྤྱི་བསྒྲགས་སྤེལ་བའི་ནང་། ང་ཚོ་ཨི་སི་རེལ་གཞུང་དང་མི་མང་ཚང་མས་ཁྱེད་ཀྱི་མཛད་རྗེས་ལ་བསྔགས་བརྗོད་དང་འཚམས་འདྲི་ཡོད་ཅེས་གསུངས་ཡོད་པ་དང་། དེ་བཞིན་སྲིད་འཛིན་ཤ་མོན་ པ་རེཛ་མཆོག་གིས། ང་ཚོ་དང་འདྲ་བའི་རྒྱལ་ཁབ་གཞན་ཉུང་ཤས་ཤིག་ནས་མ་གཏོགས་ནོ་བེལ་གཟེངས་རྟག་མང་པོ་དེ་འདྲ་ཐོབ་མཁན་ཡོད་མ་རེད་ཅེས་བསྔགས་བརྗོད་གནང་འདུག ཨི་སི་རེལ་ནང་འདས་པའི་ལོ་ངོ་བཞི་བཅུ་ཞེ་ལྔའི་རིང་། ལས་རིགས་འདྲ་མིན་གྱི་ཐོག་ནོ་བེལ་གཟེངས་རྟགས་བཅུ་ཙམ་ཐོབ་ཡོད་པའི་ཁོངས་སུ་བཞི་རྫས་སྦྱོར་རིག་པ་དང་། གཉིས་དཔལ་འབྱོར་ཚན་རིག། གཅིག་རྩོམ་རིག་སྒྱུ་རྩལ། གསུམ་ལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད།
སྤྱིར་འཛམ་གླིང་ཁྱོན་ཡོངས་སུ་ཨི་སི་རེལ་མི་རིགས་དེ་དག་རིག་པ་གྲུང་ཞིང་འཕྲུལ་རིགས་དང་ཚན་རིག་ཐོག་ཉམས་ཞིབ་བྱེད་མཁན་སོགས་མང་པོ་ཞིག་ཐོན་གྱི་ཡོད་པའི་བརྩི་སྲོལ་ཡོད་པ་རེད།