ཨོ་ལིམ་པིག་རྩེད་འགྲན་དཔལ་འབར་བོད་ནང་འཁྱེར་རྒྱུར་ངོ་རྒོལ།

གྲོང་ཁྱེར་ནིའུ་ཡོག་ཏུ་བོད་མི་སྟོང་ཕྲག་མང་པོས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་འཁྱེར་རྒྱུའི་ལས་འཆར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་’འདུག

༄༅༎ཁ་ས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་མི་སྟོང་ཕྲག་མང་པོས་ རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་འཁྱེར་རྒྱུའི་ལས་འཆར་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད་༎

ཉེ་སྔོན་གསུམ་བཅུའི་དུས་དྲན་ནས་བཟུང་ཞི་ལུས་བོད་མི་མང་ཚོགས་ཀྱིས་བོད་ཁྱོན་ཡོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཁྱབ་སྤེལ་བ་དང་ བོད་མིའི་ཞི་རྒོལ་གྱི་ཁྲོད་ལ་ རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་སྟེ་ བོད་མི་བརྒྱ་ཕྲག་མང་པོ་དམར་བསད་བཏང་བ་དང་ ཡང་བོད་ནང་ཞི་རྒོལ་བྱུང་བ་ནས་བཟུང་ ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ས་གནས་བོད་མི་རྣམས་ནས་ཞི་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ རྒྱ་ནག་གི་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་སྟེ་ ཉིན་གྲངས་བརྒྱ་ཧྲིལ་བུ་འཁོར་གྱི་ཡོད་པ་རེད་ དུས་ཚེས་དེ་དང་སྟབས་བསྟུན་སྟེ་ ཁ་ས་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁང་མདུན་དུ་ས་གནས་བོད་མི་དང་གཞན་ཉེ་འཁོར་ནིའུ་ཇར་སི་མངའ་སྡེ་དང་ཕཱི་ལ་ཌེལ་ཕི་ཡ་ དང་ སྦོ་སི་ཀྲོན་གྲོང་ཁྱེར་བཅས་ནས་བོད་མི་དང་བོད་དོན་རྒྱབ་བསྐྱོར་བ་བརྒྱ་ཕྲག་མང་པོའི་འདུ་འཛོམས་གནང་ཞིང་ ལག་ཏུ་བོད་ཀྱི་རྒྱལ་དར་དང་ རྒྱ་ནག་ལ་ངོ་རྒོལ་གྱི་ཁྲེད་དར་འཕྱར་བ་དང་ དེ་བཞིན་ཡིག་ཆ་འགྲེམས་སྤེལ་གནང་བ་བརྒྱུད་ རྒྱ་ནག་གཞུང་གིས་བོད་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་ཀྱི་ལས་འཆར་ལ་ངོ་རྒོལ་རྒྱ་ཆེ་སྤེལ་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org