བཞུགས་སྒར་དུ་མ་ཧ་གུ་རུའི་འབུམ་ཚོགས་དབུ་བཙུགས་གནང་བ།

བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཤིག་གོ་སྒྲིག་གནང་ཡོདཔ་རེད།

༄༅༎བཙན་བྱོལ་བོད་གཞུང་གིས་གཞུང་འབྲེལ་དྲ་གནས་ཐོག་ལ་སྤེལ་བའི་གནས་ཚུལ་ལྟར་ན་བོད་མི་སེར་སྐྱ་ཡོངས་ཀྱིས་ལོ་ལྟར་བཞིན་བོད་ཀྱི་དབུ་ཁྲིད་བླ་ན་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་བོད་ཀྱི་བདེན་མཐར་མྱུར་དུ་སེལ་ཐབས་ཀྱི་སླད་དུ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཤིག་གོ་སྒྲིག་ཞུ་རྒྱུའི་སྲོལ་རྒྱུན་བཟང་པོ་སྲ་བརྟན་བཟོས་པ་ལྟར་ད་ལོའི་འབུམ་ཚོགས་དེ་བཞིན་ཁ་སང་གཟའ་སྤེན་པའི་ཉིན་དབུ་བཙུགས་གནང་ཡོད་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་རེད།

མཧཱ་གུ་རུའི་འབུམ་ཚོགས་ནང་གདན་ས་ཁག་དང་དགོན་སྡེ་གྲྭ་ཚང་ བཙུན་དགོན་སོགས་ནས་དགེ་བཙུན་ཤིན་ཏུ་མང་པོས་ཚོགས་ཞུགས་གནང་བའི་ཐོག་ལ་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་ཚོ་དང་བོད་མི་མང་གི་སྤྱི་འཐུས་ལྷན་རྒྱས་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས་ཁག་གི་སྐུ་ཚབ་རྣམ་པ་ཚོས་མཉམ་ཞུགས་གནང་ཡོད་པ་རེད། ད་ལོའི་མཧཱ་གུ་རུའི་འབུམ་ཚོགས་དེ་བཞིན་ཟླ་བ་འདིའི་ཚེས་ཉི་ཤུ་གསུམ་ཉིན་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org