བོད་དུ་ས་ཡོམ་གོད་ཆགས་ཕོག་མིར་གསོལ་འདེབས་སྨོན་ལམ།

བཞུགས་སྒར་དུ་བོད་མི་སྟོང་ཕྲག་མང་པོས་ཉེ་ཆར་བོད་ནང་ས་ཡོམ་གྱི་གོད་ཆག་ཕོག་མཁན་ཚོའི་ཆེད་དུ་གསོལ་འདེབས་སྨོན་ལམ་འཚོགས་འདུག

2008.10.14

༄༅༎དེ་རིང་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་མདུན་བོད་མི་སྟོང་ཕྲག་མང་པོ་འདུ་འཛོམས་གནང་སྟེ་ཉེ་ཆར་ཕྱི་ཚེས་དྲུག་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ངོས་འདམ་གཞུང་རྫོང་དང་ས་གནས་ཁག་ཅིག་ནང་ས་ཡོམ་གྱི་གོད་ཆག་ཕོག་མཁན་ཚོོའི་ཆེད་དུ་གསོལ་འདེབས་སྨོན་ལམ་འཚོགས་གནང་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་བཏོན་པའི་གནས་ཚུལ་ནང་ས་ཡོམ་ཤུགས་ཚད་དྲུག་དང་གྲངས་ཆུང་དྲུག་རྒྱབ་པའི་འོག་མི་གྲངས་བཅུ་ལ་སྲོག་སྐྱོན་དང་སུམ་ཅུ་སོ་བཞི་ཙམ་ལ་རྨས་སྐྱོན་བྱུང་ཡོད་པའི་ཐོག་ཁུལ་དེའི་མི་དམངས་ཀྱི་ཁར་དངོས་སོགས་ལ་གནོད་སྐྱོན་ཚབས་ཆེ་བྱུང་ཡོད་སྐོར་བརྗོད་ཡོད་པ་རེད་ རྩ་བའི་ཆར་ས་ཡོམ་རྒྱབ་ནས་མི་ཤི་རྐྱེན་ཆག་བྱུང་བའི་གནས་ཚུལ་ཁ་གསལ་ཕྱི་ལ་ཐོན་མེད་ནའང་འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན་རྐྱེན་ལམ་དུ་ཕྱིན་པའི་མིའི་གྲངས་ཚད་རྒྱ་གཞུང་གིས་གསར་ལས་ཁང་གིས་བཏོན་པ་ལས་མང་བ་བྱུང་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད།

དེ་རིང་བཞུགས་སྒར་རྡ་རམ་ས་ལར་བོད་ནང་ས་ཡོམ་གྱི་གོད་ཆགས་ཕོག་མཁན་ཚོའི་ཆེད་དུ་འདུ་བསྐོང་གནང་བའི་གསོལ་འདེབས་སྨོན་ལམ་གྱི་འདུ་ཚོགས་དེ་བཞིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་སྐུ་བཅར་ཕན་བདེ་ལེགས་བཤད་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བགྲེས་པ་ཚོས་གཙོ་སྐྱོང་གནང་འདུག མི་དམངས་ཀྱི་འདུ་ཚོགས་དེའི་ཐོག་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་མི་རྣམ་པ་དང་ལས་ཁང་ཁག་གི་དྲུང་ཆེ་རྣམ་པ་ཕེབས་བཞུགས་གནང་འདུག སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་གསུང་བཤད་གནང་ཡོད་པ་དང་ཚོགས་གཙོ་མཆོག་གིས་རང་བཞིན་འབྱུང་བའི་གོད་ཆགས་འོག་ད་རེས་བོད་ནང་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་བར་ཐུགས་འཚབ་ཆེན་པོ་གནང་སྟེ་ས་ཡོམ་གྱི་གོད་ཆགས་ཕོག་པའི་ནང་མི་ཁྱིམ་ཚང་དང་གཉེན་ཉེ་ཚོར་སེམས་གསོ་དང་འབྲེལ་ཚེ་འདས་ཚོའི་ཆེད་དུ་སྨོན་ལམ་གསུངས་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎