ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གཞུང་ལ་སྐྱོན་བརྗོད།
རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བར་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་སྐྱོན་བརྗོད་དྲག་་པོ་གནང་བ།
-
2012-01-24 -
-
-
༄༅༎ཁ་ས་གཟའ་མིག་དམར་ཉིན་མདོ་ཁམས་བྲག་མགོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་ལས་འགུལ་བྱས་ཏེ་རྒྱ་ནག་གི་ཉེན་རྟོག་པས་ རང་ལོ་ ༤༩ར་ སོན་པ་མི་སྐྱ་ནོར་པ་ཡོན་ཏན་ལགས་རྐྱེན་ལམ་དུ་བཏང་བ་དང་ བོད་མི་སྐྱ་སེར་གྲངས་ ༣༦ ལ་རྨས་སྐྱོན་བཏང་བའི་རྗེས་སུ་ཁུལ་དེའི་ཕྱོགས་བཞི་རྒྱ་མིའི་དམག་མིས་མཐའ་བསྐོར་བའི་ཉེར་ལེན་ལ་བརྟེན་ནས་ཁུལ་དེའི་དགེ་འདུན་པ་རྣམས་འཇིགས་སྣང་འོག་དགོན་པའི་ཕྱི་ལ་ཐོན་མི་ཐུབ་པར་ལས་ཡོད་པ་ས་གནས་ཀྱི་བོད་མི་ཚོ་དང་དབྱིན་ཇིའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་བོད་རང་བཙལ་ལས་འགུལ་ཚོགས་པས་གནས་ཚུལ་བརྗོད་འདུག
རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་་ཚད་ལས་འདས་པའི་རྩིས་མེད་རྡོག་རོལ་བཏང་བར་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ཇོན་སྦེདྲ་མཆོག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་་པོ་གནང་འདུག སྤྱིར་བཏང་སྲིད་བློན་སི་ཀྲི་ཕེན་ཧའར་པར་མཆོག་གིས་དབུ་འཁྲིད་པའི་ ཁེ་ན་ཌའི་གཞུང་གིས་རྒྱ་ནག་ལྷན་དུ་དཔལ་འབྱོར་དང་ཚོང་འབྲེལ་སྤེལ་ཕྱིར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བར་ སྐྱོན་བརྗོད་དྲག་པོ་དེ་ཙམ་གནང་གི་མེད་རུང་ཁེ་ན་ཌའི་སྲིད་བློན་མཆོག་གིས་རྒྱ་ནག་ཏུ་ཕེབས་གཏན་འཁེལ་བའི་སྔོན་ཙམ་དེར་ད་ཆ་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གིས་བོད་མི་དང་ ཡུ་གུར་ཁ་ཆེ་ དེ་བཞིན་ཕ་ལུང་ཀུང་དང་རྒྱ་ནག་ནང་གི་ཡེ་ཤུའི་ཆོས་ལུགས་ཉམས་ལེན་མཁན་ཚོའི་ལུས་སེམས་གཉིས་ཀའི་ཐོག་ལ་མནར་གཅོད་བཏང་བ་དང་ དྲག་གནོན་ འཇིགས་སྐུལ་བྱས་པ་སོགས་ཞེ་ལོག་པའི་བྱ་སྤྱོད་དེ་ཚོ་ནི་ང་ཚོའི་གཞི་རྩའི་རྩ་དོན་དང་ རིན་ཐང་དང་རྦད་དེ་ཕྱིན་ཅི་ལོག་པ་རེད་ཅེས་སྐྱོན་བརྗོད་གནང་འདུག།