ཁམས་བདེ་ཆེན་ཁུལ་བོད་མིའི་འཚོ་བར་འགྱུར་བ་ཕྱིན་མེད་སྐོར།

ཁམས་བདེ་ཆེན་ས་ཁུལ་ནང་གི་བོད་མི་ཚོའི་འཚོ་བའི་གནས་སྟངས་ནི་དེ་སྔའི་དུས་རབས་དང་གཅིག་པ་ལས་འགྱུར་བ་གང་ཡང་ཕྱིན་མེད་པའི་སྐོར།

༄༅༎དེ་རིང་ཨོའོ་སི་ཀྲོ་ལི་ཡའི་ཨེ་སྦི་སི་(ABC)བརྙན་འཕྲིན་ལས་ཁང་གིས་སྤེལ་བའི་་གསར་འགྱུར་ཐོག་ རྒྱ་ནག་གི་ཡུན་ནན་ཞིང་ཆེན་ཟེར་བའི་བདེ་ཆེན་ས་ཁུལ་ནང་གི་བོད་མི་ཚོའི་འཚོ་བའི་གནས་སྟངས་ནི། དེ་སྔའི་དུས་རབས་དང་གཅིག་པ་ལས་འགྱུར་བ་གང་ཡང་ཕྱིན་མེད་པའི་སྐོར་བཀོད་ཡོད་པ་རེད།
པེ་ཅིང་དུ་ཡོད་པའི་ཨོ་སི་ཀྲི་ལི་ཡའི་གསར་འགྱུར་ལས་ཁང་ཨེ་སྦི་སི་ཡི་གསར་འགོད་པས་གསུང་པར། རྩ་བའི་ཕྱི་རྒྱལ་གསར་འགོད་པ་བོད་ཀྱི་ས་ཁུལ་ནང་བསྐྱོད་མི་ཆོག་པ་བཀག་འགོག་བྱེད་ཀྱི་ཡོད་པ་དང༌། གལ་ཏེ་ཕྱི་རྒྱལ་གསར་འགོད་བོད་ཀྱི་ས་ཁུལ་དུ་བཏང་བ་ཡིན་ནའང་རྟག་ཏུ་རྒྱ་ནག་གཞུང་གི་མི་སྣ་མཉམ་དུ་ཡོང་གི་ཡོད་ཅིང༌།
དེ་ནི་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་ཀྱི་དངོས་ཡོད་གནས་སྟངས་ཤིག་ཡིན་པ་དང༌། འོན་ཀྱང་ཁོང་ཚོ་གསར་འགྱུར་རུ་ཁག་ཞིག་ཡུན་ནན་ཁུལ་དུ་འགྲོ་བསྐྱོད་ཐུབ་པ་བྱུང་ཡོད་ལུགས་དང༌། རྒྱ་ནག་གཞུང་གིས་ནུབ་ཕྱོགས་གསར་སྤེལ་ཟེར་བའི་བོད་ཀྱི་ས་ཁུལ་ནང་དཔལ་འབྱོར་ཡར་རྒྱས་ཀྱི་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང༌། བོད་ཀྱི་བདེ་ཆེན་ས་ཁུལ་ནང་གི་བོད་མི་རྣམས་ཀྱི་འཚོ་བའི་རྟེན་གཙོ་བོ་ནི། དེ་སྔའི་དུས་རབས་བཞིན་འབྲུ་དང༌། ཕག་པ་དང༌། ཁྱིམ་བྱ་ཡིན་པ་ལས་དངུལ་གྱི་འགྲོ་སོང་གཏོང་རྒྱུ་མེད་པ་ཤ་སྟག་ཡིན་པ་གསུང་ཡོད་པ་རེད། ད་དུང་རྒྱ་ནག་གཞུང་གིས་དཔལ་འབྱོར་འཛུགས་སྐྲུན་ཆེད་དུ་ཡིན་ཟེར་བའི་དངུལ་འཕོན་ཆེན་པོ་ཞིག་ནི། མི་དམངས་འཚོ་རྟེན་ལས་རོགས་སམ་ལས་གཞི་མ་ཡིན་པར། ཡུལ་སྐོར་སྤྲོ་འཆམ་པ་ཚོར་དམིགས་ཏེ། འགྲིམ་འགྲུལ་གྱི་ལས་གཞི་དང༌། རྒྱ་ལམ་དང༌། གནམ་ཐང་སོགས་འཛུགས་སྐྲུན་ཆེད་བཏང་ཡོད་པའི་སྐོར་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org