ལོ་གསར་པའི་ནང་བོད་རྒྱ་འབྲེལ་མོལ་མཇུག་སྐྱོང་ཐུབ་རེ།

བཙན་བྱོལ་གཞུང་གི་ཐུགས་རེ་ཆེ་ཤོས་དེ་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་དེ་མཇུག་སྐྱོང་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་འདུག

༄༅།།བཙན་བྱོལ་བོད་གཞུང་གིས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་གསར་པའི་ནང་བཙན་བྱོལ་བོད་གཞུང་གི་ཐུགས་རེ་ཆེ་ཤོས་དེ་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་དེ་མཇུག་སྐྱོང་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་གནང་འདུག

དེ་ཡང་ཉི་ཧོང་གི་ཨེ་ཤེ་ཡ་ཀྲམ་སེའི་ཞེས་པའི་ནང་དྲ་རྒྱའི་ནང་གསར་འགོད་པ་ས་རན་ཤེ་སེ་གལ་ཞུ་བས་བོད་མི་ཚོས་རྒྱ་ནག་གི་ལྷན་འབྲེལ་མོལ་ཆད་པ་དེ་འཐུད་ཐབས་བྱེད་བཞིན་པ་ཞེས་འགོ་བརྗོད་འཁོད་པའི་ཆེད་རྩོམ་ཞིག་ནང་བཙན་བྱོལ་བོད་གཞུང་གིས་བཀའ་བློན་ཁྲི་པ་ ཟམ་གདོང་རིན་པོ་མཆོག་གིས་བཙན་བྱོལ་བོད་གཞུང་གི་འབྲེལ་མོལ་སྐུ་ཚབ་རྣམས་དང་འབྲེལ་ཡོད་རྒྱ་ནག་གཞུང་གི་གྲོས་མོལ་སྐུ་ཚབ་ཀྱི་དབར་འབྲེལ་བ་རྒྱུན་གནས་ཡོད་པ་ངོ་སྤྲོད་གནང་གི་ཡོད་པའི་གནས་ཚུལ་་བཀོད་གནང་འདུག

དེ་ཡང་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་ནག་ལྷན་གྱི་འབྲེལ་མོལ་མདུན་བསྐྱོད་ཐད་ཐུགས་རེ་ཧ་ཅང་ཆེན་པོ་དེ་འདྲ་གང་ཡང་གནང་གི་མེད་ཀྱང་ འབྲེལ་མོལ་གྱི་ལས་དོན་ལ་ཅུང་ཡར་རྒྱས་ཡོང་སྙོམ་པའི་རེ་བ་ཡོད་ཅེས་གསུངས་གནང་འདུག ཡང་གསར་ཤོག་འདིའི་གསར་འགོད་པས་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་དང་ཕྱི་འབྲེལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་སུའང་གནས་དྲི་ཞུས་ཡོད་པ་དང་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་ལྷན་འབྲེལ་མོལ་མཇུག་སྐྱོང་གནང་དགོས་པ་དང་དེ་ལྟར་ཡོང་ཐབས་སུ་བཙན་བྱོལ་བོད་གཞུང་ནས་རྒྱ་རིགས་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོང་ཐབས་ལ་ཤུགས་སྣོན་བསྐྱོན་རྒྱུ་ཡིན་སྐོར་གསུངས་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org