བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལྔ་པ་ཨི་ཊ་ལིའི་ནང་ཚོགས་རྒྱུ།

སྤྱི་འཐུས་མི་གྲངས་བཅོ་བརྒྱད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་ཐོག་མཉམ་བཞུགས་གནང་རྒྱུ་རེད་འདུག

2009.11.13

༄༅༎ཟླ་བ་འདིའི་ཚེས་བཅོ་བརྒྱད་དང་བཅུ་དགུ་བཅས་ཉིན་གྲངས་གཉིས་རིང་ཨི་ཊ་ལི་རྒྱལ་ས་རཱོམ་ནང་ཚུགས་གནང་རྒྱུའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་ཐོག་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྣེ་འཁྲིད་འོག་བོད་མི་དམངས་སྤྱི་འཐུས་བཅོ་བརྒྱད་མཉམ་བཞུགས་གནང་རྒྱུ་རེད་འདུག

བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཡུ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཟུང་འབྲེལ་གྱི་སྒོ་ནས་གོ་སྒྲིག་གནང་རྒྱུའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་ཚོགས་མགོན་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་ཚོགས་ཆེན་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་བཅས་ཀྱིས་གསུང་བཤད་གནང་རྒྱུའི་མཛད་འཆར་འདུག

སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས། དགེ་བཤེས་ཚེ་རིང་པོ་དང་དང་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་བཅས་སྤྱི་འཐུས་དྲུག་ཕྱི་ཚེས་བཅུ་གཅིག་ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཐོག་མར་ཕེ་རན་སི་དང་སྦེལ་ཇེམ་གཉིས་ནང་གཟིགས་སྐོར་གནང་རྗེས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག

སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་དང་ཀརྨ་ཡེ་ཤེས་ལགས། སྒྲོལ་དཀར་ལྷ་མོ་ལགས་བཅས་ཀྱིས་གོང་ལ་ཨི་ཊ་ལི་ཊེ་རེན་ཊོ་རང་སྐྱོང་ཞིང་ཆེན་དུ་ལྷན་ཚོགས་ཤིག་ནང་མཉམ་བཞུགས་གནང་རྗེས་གོང་ཞུས་ཚོགས་ཆེན་དེར་ཕེབས་རྒྱུ་ཡིན་པ་དང་དེ་མིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་ཡེ་ཤེས་སྒྲོལ་མ་ལགས། སྒྲོལ་མ་མཚོ་མོ་ལགས། ཚེ་རིང་སྒྲོལ་མ་ལགས། སེར་རྟ་ཚུལ་ཁྲིམས་ལགས། ཚེ་བརྟན་ནོར་བུ་ལགས་དང་ཆོས་སྐྱོང་དབང་ཕྱུག་ལགས་བཅས་ཁྱོན་བོད་མི་དམངས་སྤྱི་འཐུས་བཅོ་བརྒྱད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔན་པའི་ནང་མཉམ་བཞུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་སྤེལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎