བོད་དུ་འབྲོག་པ་བཙན་ཤེད་ཀྱིས་གནས་སྤོས་བྱེད་བཅུག་པ།

འབྲོག་པ་ཚོ་སྲོལ་རྒྱུན་གྱི་འཚོ་བ་བསྐྱལ་དུ་མ་འཇུག་པར་ཨར་ལས་འཛུགས་སྐྲུན་བྱས་པའི་གྲོང་སྡེ་ཁག་ནང་གནས་སྤོས་བྱེད་དུ་བཅུག་གི་ཡོད་པ།

༄༅༎རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་ཚོ་སྲོལ་རྒྱུན་གྱི་འཚོ་བ་བསྐྱལ་དུ་མ་འཇུག་པར་རྒྱ་མིས་ཨར་ལས་འཛུགས་སྐྲུན་བྱས་པའི་གྲོང་སྡེ་ཁག་ནང་བཙན་ཤེད་ཀྱི་སྒོ་ནས་གནས་སྤོས་བྱེད་དུ་བཅུག་གི་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་དེ་རིང་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཟི་ཁྲོན་ཞིང་ཆེན་ས་གནས་གཞུང་གིས་ རྒྱ་མིའི་དངུལ་ལོར་ཐེར་འབུམ་༡༨གནས་པའི་བོད་པའི་འབྲོག་པ་ཚོ་གཏན་སྡོད་གཞིས་ཆགས་ཀྱི་ལས་འཆར་ཞིག་༢༠༠༩ནས་འགོ་བརྩམས་ཡོད་པ་དང༌།འཆར་གཞི་དེའི་ཁུངས་སུ་གྲོང་སྡེ་ ཆིག་སྟོང་བཞི་བརྒྱ་དགུ་གསར་འཛུགས་བྱ་རྒྱུའི་ནང༌། སྡོད་ཁང་འབུམ་གཅིག་ཙམ་གསར་རྒྱག་བྱ་རྒྱུའི་འཆར་གཞི་བཏིང་ཡོད་པ་རེད། གསར་འཛུགས་བྱས་པའི་གྲོང་ཁུལ་དེ་ཚོའི་ནང་འགྲུལ་བཞུད་སྟབས་བདེ་དང་སློབ་གྲྭ་དང་དེབ་ཁང༌། སྒོ་བསྟེན་སྨན་ཁང་དང་སྤྲོ་སྐྱིད་བསྟི་གནས་ཁང༌། ཉེན་རྟོག་ལས་ཁུང་སོགས་ཀྱི་ཆ་རྐྱེན་ཚང་བ་བཟོ་རྒྱུའི་ཁས་ལེན་བྱས་ཡོད་ཅིང༌། ཟླ་བ་སྔོན་མའི་ཟླ་མཇུག་བར་གྲོང་སྡེ་ཆིག་སྟོང་བརྒྱ་མེད་དགུ་བཅུ་གོ་གཉིས་གསར་རྒྱག་ཟིན་པ་དང༌། ཨར་ལས་འཛུགས་སྐྲུན་བྱས་པའི་སྡོད་ཁང་གསར་པ་དེ་ཚོའི་ནང་བོད་པའི་འབྲོག་པ་འབུམ་བཞི་དང་ཁྲི་དྲུག་གནས་སྤོས་བྱས་ཟིན་པའི་སྐོར་ ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org