རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུའི་སྐུ་ཕུང་ཞུཌ་འབུལ།
རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་དམ་པ་དེའི་སྐུ་ཕུང་དགོན་པའི་ཉེ་འཁྲིས་སུ་ཞུཌ་འབུལ།
-
2011-08-18 -
-
-
༄༅༎ཁ་ས་སྔ་དྲོའི་ཕྱག་ཚོད་༧་ཙམ་ལ་འདི་ཟླའི་ཚེས་༡༥་ཉིན་སྐུ་ལུས་མེར་བསྲེཌ་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་དམ་པ་དེའི་སྐུ་ཕུང་དགོན་པའི་ཉེ་འཁྲིས་སུ་ཞུཌ་འབུལ་ཞུས་འདུག་ དམ་པ་དེའི་སྐུ་ཕུང་ཞུཌ་འབུལ་དེ་བཞིན་དུས་རྒྱུན་ཕུང་པོ་ཞུཌ་འབུལ་བྱ་ཡུལ་དུ་མ་ཡིན་པར་དམིཌ་བསལ་གྱི་དགོན་པའི་ཉི་འཁྲིས་སུ་ཞུཌ་འབུལ་ཞུ་སྐབས་རྒྱ་མིའི་ཉེན་རྟོག་མི་སྣས་ཉ་མཚོ་དགོན་པའི་དགེ་འདུན་པ་ཁོ་ན་མ་གཏོཌ་མི་གཞན་ཡོངས་རྫོཌ་བཀག་འགོག་བྱས་པ་མ་ཟད་ ཐ་ན་ཞུཌ་འབུལ་ཞུ་ཡུལ་གྱི་མཐའ་སྐོར་ཡོངས་ལ་དྲག་ཆས་གོ་མཚོན་ཐོགས་པའི་རྒྱ་མིའི་དམག་མིས་བསྐོར་བ་རིམ་པ་གསུམ་བསྐོར་ནས་ཞུཌ་འབུལ་བྱེད་དུ་བཅུག་འདུག་ སྐབས་དེར་བྲག་དཀར་བཙུན་དགོན་གྱི་བཙུན་མ་ཁག་ཅིག་ནས་ཕུང་པོ་ཞུཌ་འབུལ་ཞུ་ཡུལ་དུ་ཕེབས་དུས་ལམ་བར་དྲག་ཆས་གོ་མཚོན་ཐོགས་པའི་རྒྱ་མིའི་དམག་མིས་བཀག་འགོག་ཞུས་པའི་རྐྱེན་གྱིས་བཙུན་མ་ཚོས་མི་འདོད་པའི་རྣམ་འགྱུར་ཤུཌ་ཆེ་བཏོན་འདུག ད་ལོ་དགུང་གྲངས་༢༩་ཕེབས་པའི་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་དམ་པ་དེས་ཕྱི་ཟླ་༨་ཚེས་༡༥་ཉིན་གྱི་ཉིན་དགུང་ཕྱག་ཚོད་༡༢་དང་ཕྱེད་ཀ་ཙམ་ལ་རྫོང་ཁྲོམ་གཞུང་དུ་རང་ལུས་མེར་བསྲེཌ་བཏང་བ་དང་འབྲེལ་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ བོད་རང་དབང་ཡིན་སྐོར་སོཌ་འབོད་ཚིག་བསྒྲཌ་ཏེ་སྐར་མ་བཅུ་ལྷག་ཙམ་རིང་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་རྗེས་སུ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་ཉིན་དེའི་དགོང་དྲོ་ནས་བཟུང་ས་གནས་ལ་ཁ་པར་འབྲེལ་ལམ་བཅད་པ་དང་ཕྱི་ཚེས་༡༦ཉིན་ཁུལ་དེའི་སློབ་གྲ་དང་ཚོང་ཁང་ཡོངས་རྫོཌ་སྒོ་རྒྱབ་བཅུག་པ་མ་ཟད་ རྒྱ་མིའི་དམག་མི་འབོར་ཆེན་འབྱོར་ཏེ་དམ་བསྒྲཌ་ཆེན་པོ་བྱས་ཡོད་ཅིང་ ཉིན་དེར་དཀར་མཛེས་ཁུལ་གྱི་ཧྲུའུ་ཅི་ལིའུ་ཏའོ་པིང་རྟའུ་ཉ་མཚོ་དགོན་པར་ཡོང་ནས་དགེ་འདུན་པ་ཚེ་དབང་ནོར་བུ་དམ་པ་དེའི་སྐུ་ཕུང་ཉ་མཚོ་དགོན་པའི་ནང་ཉར་མི་ཆོག་པའི་བཙན་བཀའ་བཏང་བ་སོཌ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲཌ་ཤུཌ་ཆེ་བྱེད་མིན་ལ་མ་ལྟོས་པར་ མཐའ་མ་དགོན་པའི་ཉེ་འཁྲིས་སུ་ཁོང་གི་སྐུ་ཕུང་ཞུཌ་འབུལ་ཞུ་ཐུབ་ཡོད་པའི་གནས་ཚུལ་འདུག༎