གྱོན་ཆས་དཔེ་གསར་བཟོ་བཀོད་གནང་མཁན་བོད་མི་ཞིག་གི་སྐོར།

བསོད་ནམས་དྲུ་སྦའེ་ཞུ་བས་གྱོན་ཆས་དཔེ་གསར་བཟོ་བཀོད་གནང་མཁན་བོད་རིགས་ན་གཞོན་ཞིག་ལ་རྒྱ་གར་ནང་མཚན་སྙན་ཆེན་པོ་ཐོབ་ཀྱི་ཡོད་པ།

༄༅༎བསོད་ནམས་དྲུ་སྦའེ་ཞུ་བས་གྱོན་ཆས་དཔེ་གསར་བཟོ་བཀོད་གནང་མཁན་བོད་རིགས་ན་གཞོན་ཞིག་ལ་རྒྱ་གར་ནང་དེང་དུས་ཀྱི་གྱོན་ཆས་དཔེ་གསར་བཟོ་བཀོད་ཀྱི་ལས་རིགས་ཐོག་ནས་མཚན་སྙན་ཆེན་པོ་ཐོབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བསོད་ནམས་དྲུ་སྦའེ་ཞུ་བ་ཁོང་ནི་རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་ནང་རྟེན་གཞི་གནང་པའི་ཐོག་དེང་སང་རྒྱ་གར་ནང་གྱོན་ཆས་དཔེ་གསར་བཟོ་བཀོད་ཀྱི་སྒྱུ་རྩལ་ནང་བོད་རིགས་ན་གཞོན་ཐོག་མའི་གྲས་ཤིག་ཡིན་པ་རེད། ཁོང་གིས་བཟོ་བཀོད་གནང་པའི་གྱོན་ཆས་ནང་བོད་རིགས་དང་སྲོག་པོའི་ཆས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་འདུག་ལ་བསོད་ནམས་དྲུ་སྦའེ་ལགས་ཀྱིས་ཀྱང་ཁོང་མི་རིགས་བོད་པ་དང་ཚར་ལོང་རྒྱ་གར་ནང་བྱས་པའི་རྐྱེན་ཁོང་གི་སྒྱུ་རྩལ་ནང་བོད་གཙོས་པའི་ཤར་ཕྱོགས་རིག་གཞུང་གི་ཤུགས་རྐྱེན་ཆེན་པོ་ཡོད་པའི་སྐོར་ངོ་སྤྲོད་གནང་འདུག ཉེ་སྔོན་རྒྱ་གར་ནང་ལེཀ་མི་དགུན་དུས་ཀྱི་གྱོན་ཆས་དཔེ་གསར་གྱི་དུས་སྟོན་སྐབས་བསོད་ནམས་དྲུ་སྦའེ་ལགས་ཀྱི་བོད་ཀྱི་ཆས་སྲོལ་ཆས་གོས་ཀྱི་དབྱིབ་སུ་བཀོད་པའི་དགུན་དུས་ཀྱི་གྱོན་ཆས་སྣ་ཚོགས་འགྲེམས་སྤེལ་གནང་པ་དེར་མང་ཚོགས་ནས་དགའ་མོས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད། ཁོང་གིས་བཟོ་བཀོད་གནང་པའི་གྱོན་ཆས་ལ་སན་སི་ཀའར་དྲི་ཙའེན་ཞེས་ལས་རྟགས་ཐོག་ནས་འགྲེམས་སྤེལ་གནང་གི་ཡོད་པ་དང་༡༩༩༩ལོར་ལས་རྟགས་དེའི་མིང་ཐོག་ནས་ཁོང་གི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྤུས་ཚད་ལྡན་པའི་གྱོན་ཆས་འགྲེམས་སྤེལ་གྱི་ཚོང་ཁང་ཐོག་མ་དེ་སྒོ་ཕྱེས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org