འདི་ལོར་བརྙན་འཕྲིན་ཐོག་གནས་ཚུལ་མང་ཤོས་བོད་སྐོར་ཐོན་པ།

ཕྱི་ལོ་ཉེས་སྟོང་བརྒྱད་ལོར་འཛམ་གླིང་ཡུལ་གྲུ་ཁག་ནང་བརྙན་འཕྲིན་ཐོག་གནས་ཚུལ་མང་ཤོས་བཏོན་ཡས་ཀྱི་བྱ་དགའ་བོད་ལ་ཐོབ་ཡོད་པ་རེད།

2008.08.07

༄༅༎ཕྱི་ལོ་ཉེས་སྟོང་བརྒྱད་ལོར་འཛམ་གླིང་ཡུལ་གྲུ་ཁག་ནང་བརྙན་འཕྲིན་ཐོག་གནས་ཚུལ་མང་ཤོས་བཏོན་ཡས་ཀྱི་བྱ་དགའ་དེ་བཞིན་བོད་ལ་ཐོབ་ཡོད་པ་རེད། དེ་ཡང་ཊེ་ནོར་ཞེས་པའི་ལོ་ལྟར་འཛམ་གླིང་ཡུལ་ཁག་གི་བརྙན་འཕྲིན་ཐོག་གནས་ཚུལ་སྤེལ་ཡས་མང་ཤོས་ཐོག་དམིགས་བསལ་བྱ་དགའ་ཞེས་པ་ཞིག་སྤེལ་གྱི་ཡོད་པ་བཞིན་། ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་ཨ་རི་དང་ཡོ་རོབ་ དཀྱིལ་ཤར་ཡུལ་གྲུ་ ཨ་ཕེ་རི་ཀའི་ཡུལ་གྲུ་ཁག་གི་བརྙན་འཕྲིན་བརྒྱུད་ལམ་ཐོག་གནས་ཚུལ་མང་ཤོས་དགོས་ཡས་ག་རེ་ཡིན་མིན་ཞིབ་འཇུག་བྱས་པ་བརྒྱུད་ལོ་འདིའི་ནང་བོད་ཀྱི་གནས་ཚུལ་འཛམ་གླིང་ཡུལ་ཁག་གི་བརྙན་འཕྲིན་ཁག་གི་ཐོག་མང་ཤོས་ཐོན་ཡོད་པའི་སྐོར་ཊེ་ནོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཟེར་བའི་འགན་འཛིན་ རོ་ལེན་ཤཛེ་ ནས་གསུང་བཞག དེའི་སྐོར་གྱི་ཞིབ་ཕྲའི་སྙན་ཐོ་ཞིག་ཕྱི་ཟླ་དགུ་པའི་ཚེས་གསུམ་ཉིན་ཐེངས་དགུ་པའི་ཚེས་ ༣ ཉིན་སུད་སིའི་གྲོང་ཁྱེར་ཛུའུ་རིག་ནང་རྒྱལ་སྤྱིའི་ལས་དོན་ལྷན་ཚོགས་ཚོགས་པའི་སྐབས་ཕྱིར་བཏོན་རྒྱུ་ཡིན་འདུག ལྷན་ཚོགས་དེའི་ཐོག་འཛམ་གླིང་ཡུལ་གྲུ་ཁག་ནང་གི་གསར་འགོད་པ་དང་སྲིད་དོན་མི་སྣ་ ཚན་རིག་མི་སྣ་ སོགས་མཁས་དབང་མང་པོ་ཞིག་ལྷན་འཛོམས་ཀྱིས་རང་སོ་སོའི་བསམ་ཚུལ་སྤེལ་རེས་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གི་བཀོད་བྱུས་འོག་གཞུང་འབྲེལ་མིན་པའི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་ཡོད་སྐོར་སྙན་ཐོའི་གསར་པའི་ནང་གསལ་སྟོན།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎