བོད་མིའི་ཞིང་ལས་ལ་རོགས་རམ་གནང་མཁན་ལ་སྣེ་ལེན་།

བོད་མིའི་སོ་ནམ་ཞིང་ལས་ལ་རོགས་རམ་གནང་མཁན་གཏོང་ཕོད་ཅན་གྱི་སྦྱིན་བདག་རྡ་སར་ཕེབས་བསུ་ཟབ་རྒྱས་ཞུས་པའི་གནས་ཚུལ་ཐོན་འདུག

2012.04.12

༄༅༎བོད་མིའི་སོ་ནམ་ཞིང་ལས་ལ་རོགས་རམ་གནང་མཁན་གཏོང་ཕོད་ཅན་གྱི་སྦྱིན་བདག་རྡ་སར་ཕེབས་བསུ་ཟབ་རྒྱས་ཞུས་པའི་གནས་ཚུལ་ཐོན་འདུག་།
ཕྱི་ཚེས་༡༢ རེས་གཟའ་ཕུར་བུའི་ཉིན་ རྡ་ས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག་ ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་ཀྱིས་ ཨོ་སི་ཊོ་ལི་ཡའི་སྐུ་ཞབས་སི་ཀྲིལྦ་ཀི་ལེ་ལིཡ་ལ་ གཞུང་འབྲེལ་གྱི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད་ སྐུ་ཞབས་སི་ཀྲིལྦ་ཀི་ལེ་ལི་ཡ་ནི་ ཨོས་ཀྲེ་རི་ལི་ཡའི་ནང་རྟེན་གཞི་བྱས་པའི་ངལ་སེལ་ཐེབས་རྩ་ཞིག་གི་འགན་འཛིན་དང་སྦྱིན་བདག་གཅིག་ལྕོག་ཡིན་ཞིང་ ཐེབས་རྩ་དེས་ཨ་ཕི་རི་ཁ་དང་ལྷོ་ཤར་ཨེ་ཤི་ཡ་ཙམ་མ་ཟད་ འཛམ་གླིང་ནང་དམག་འཁྲུག་དང་ནད་ཡམས་ཀྱིས་མནར་བའི་ཡུལ་གྲུ་ཁག་ཅིག་གི་ནང་ ངལ་སེལ་རོགས་སྐྱོབ་ཀྱི་ལས་གཞི་ལག་བསྟར་གནང་གི་ཡོད་འདུག་ལ་ ཐེབས་རྩ་ཁང་དེས་ད་བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ལས་འཆར་ཐོག་ རོགས་དངུལ་ཧིན་སྒོར་ས་ཡ་ ༤༦ གི་མཐུན་འགྱུར་རོགས་གནང་གནང་ཡོད་འདུག་ སྣེ་ལེན་གྱི་མཛད་སྒོའི་དེའི་ཐོག་ ནང་སྲིད་དྲུང་གཞོན་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་Power Pointབརྒྱུད་ བོད་མིའི་གཞིས་ཆགས་མོན་གོ་དང་ཧུན་སུར། ཏེ་ཛུ། མེའོ། ཀོ་ལེ་གལ། བཅས་ཀྱི་ནང་ སོ་ནམ་གྱི་ལས་གཞི་དང་འབྲེལ་བའི་ལས་གཞི་ཁག་ལག་བསྟར་བྱས་ཡོད་པའི་ངོ་སྤྲོད་གནང་པ་དང་ དེ་རྗེས་སྐུ་ཞབས་སི་ཀྲིལྦ་ཀི་ལེ་ལི་ཡ་ལགས་ཀྱིས་ འཛམ་གླིང་ཞི་བདེ་དང་དཔལ་འབྱོར་ཡར་རྒྱས་གཉིས་དབར་གྱི་འབྲེལ་ལམ་དང་ རོགས་སྐྱོབ་གནང་ཡུལ་རྒྱལ་ཁབ་ཉམ་ཐག་ཅན་དཔེར་ན་ ཨ་ཕི་རི་ཀའི་ཡུལ་གྲུ་མང་པོའི་ནང་ ས་ཞིང་དང་འཐུང་ཆུ་སོགས་ཀྱི་ཐེབས་རྩའི་ལས་གཞིའི་ཁྱབ་ཚད་སྐོར་ངོ་སྤྲོད་གནང་འདུག་ལ་ ཕྱོགས་མཚུངས་བོད་མི་ཚོའི་དཀའ་སྡུག་གི་མྱོང་ཚོར་དེས་ འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་གལ་གནད་གསལ་པོ་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་དང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་ཞུས་གནང་བཞག ནང་སྲིད་བཀའ་བློན་མཆོག་གིས་ སྐུ་ཞབས་སི་ཀྲིལྦ་ཀི་ལེ་ལི་ཡ་དང་ཁོང་གིས་གཙོ་སྐྱོང་གནང་པའི་ཐེབས་རྩ་ཁང་གིས་་བོད་མིའི་གཞིས་ཆགས་ལ་མ་དངུལ་གྱི་རོགས་སྐྱོབ་ལ་བརྟེན་ནས་ བོད་མི་མང་པོའི་འཚོ་བའི་མདུན་ལམ་ལ་ཧ་ཅང་ཕན་འབྲས་བྱུང་ཡོད་པར་ ཐུགས་རྗེ་ལེགས་གསོལ་ཞུས་པ་དང་སླད་ཕྱིན་རོགས་རམ་གང་ཐུབ་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་གནང་པ་དང་ཆབས་ཅིག་སྐུ་ཞབས་སི་ཀྲིལྦ་ཀི་ལེ་ལི་ཡ་ལ་ ༧གོང་ས་མཆོག་གིས་མཚན་རྟགས་བཀོད་པའི་སྟོན་པའི་ཞལ་ཐང་ཞིག་ཕྱག་རྟགས་སུ་ཕུལ་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎