དིང་རི་རྫོང་དུ་འགུལ་ཚད་རིམ་པ་ལྔ་ཚེག་དགུ་ཡོད་པའི་ས་ཡོམ་རྒྱབ་འདུག

བོད་ཀྱི་མཐའ་མཚམས་སྟོད་དིང་རི་རྫོང་དུ་འགུལ་ཚད་རིམ་པ་ལྔ་ཚེག་དགུ་ཡོད་པའི་ས་ཡོམ་རྒྱབ་འདུག

དིང་རི་རྫོང་། པར་ཚགས།

བོད་ཀྱི་མཐའ་མཚམས་སྟོད་དིང་རི་རྫོང་དུ་འགུལ་ཚད་རིམ་པ་ལྔ་ཚེག་དགུ་ཡོད་པའི་ས་ཡོམ་རྒྱབ་འདུག
དེ་ཡང་འདི་ཚེས་༢༠་ཉིན་བོད་ཀྱི་མཐའ་མཚམས་སྟོད་དིང་རི་རྫོང་དུ་འགུལ་ཚད་རིམ་པ་ལྔ་ཚེག་དགུ་ཡིན་པའི་ས་འགུལ་བྱུང་ཡོད་པ་དང་། དིང་རིར་རྒྱབ་པའི་ས་ཡོམ་གྱི་འགུལ་ཤུགས་བལ་ཡུལ་གྱི་རྒྱལ་ས་ནས་ཡང་ཚོར་བ་བྱུང་བ་བལ་ཡུལ་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་ས་ཞིབ་བརྟག་དཔྱད་ལས་ཁང་གི་གནས་ཚུལ་ལྟར་ན། འདི་ཚེས་༢༠་གཟའ་པ་སངས་ཉིན་བོད་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་འགུལ་ཤུགས་རིམ་པ་ལྔ་ཚེག་དགུ་རྒྱབ་ཡོད་པ་དང་། མིག་སྔར་མི་སྣ་ཤི་རྨས་སོགས་ཀྱི་སྙན་ཞུ་འབྱོར་མེད། ཡིན་ཡང་འཕྲིན་གཏོང་བརྒྱུད་ཡུལ་ཚོ་དང་གྲོང་རྡལ། གྲོང་ཚོ་ཁག་གི་ནང་གནོད་སྐྱོན་གནས་ཚུལ་རྩད་གཅོད་བྱེད་བཞིན་པ་འཁོད་འདུག
བལ་ཡུལ་གྱི་ས་ཞིབ་བརྟག་དཔྱད་ཀྱི་ཟིན་ཐོའི་ནང་། ད་རེས་དིང་རི་དང་བལ་ཡུལ་གྱི་ས་མཚམས་ཁུལ་དུ་བྱུང་བའི་ས་ཡོམ་དེའི་འགུལ་ཚད་རིམ་པ་དྲུག་དང་ཚེག་གཉིས་ཡིན་པ་གསལ་འདུག་ལ་རྒྱ་ནག་གིས་བསྒྲགས་པའི་འགུལ་ཚད་དང་མཐུན་གྱི་མི་འདུག
ས་ཡོམ་རྒྱབ་སའི་དིང་རི་རྫོང་གི་ས་ཁུལ་དེའི་རྒྱུད་མང་ཆེ་བ་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པ་དང་། དེ་དང་བལ་ཡུལ་གྱི་ལྷོ་ཕྱོགས་ཁུལ་ས་འབྲེལ་ཡིན་ཞིང་། ས་གནས་དེའི་ཁུལ་ཤིང་ནགས་མང་པོ་ཡོད་འདུག
དེ་དང་འབྲེལ་ཉིན་ལྔའི་གོང་བལ་ཡུལ་གྱི་ནུབ་ཕྱོགས་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་པོག་ར་གྲོང་ཁྱེར་དུ་ཡང་ས་ཡོམ་འགུལ་ཚད་རིམ་པ་ལྔ་རྒྱབ་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org