བོད་དུ་གྲོང་ཁྱེར་འཛུགས་སྐྲུན་ལས་གཞིའི་མ་དངུལ་གཏོང་འཆར།

རྒྱ་ནག་གཞུང་གིས་མི་མང་ཤོག་སྒོར་ཐེར་འབུམ་ལྔ་ལྷག་བཏང་ནས་བོད་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་ཁག་སྤེལ་རྒྱ་ཡིན་ལུགས།

༄༅༎རྒྱ་ནག་གཞུང་གིས་མི་མང་ཤོག་སྒོར་ཐེར་འབུམ་ལྔ་དང་གྲངས་ཆུང་དགུ་ཙམ་གྱི་མ་དངུལ་བཏང་ནས་བོད་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་ཁག་སྤེལ་རྒྱ་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག གནས་ཚུལ་དེའི་ནང་འཁོད་པར་གཞིགས་ན་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ནས་ཉིས་སྟོང་བཅུ་ལྔའི་བར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ ཞིང་པའི་ས་ཁུལ་དུ་ལམ་ཆེན་གསར་རྒྱག་དང་ འཐུང་ཆུ་ཡོང་སའི་ལྕགས་དོང་ཁྲིད་རྒྱུ་མ་ཟད་ཞིང་པའི་ས་ཁུལ་དུ་དགུན་དུས་ཚ་དྲོད་ཀྱི་ཡོ་ཆས་མཁོ་འདོན་བྱ་རྒྱུ་སོགས་རྣམ་གྲངས་ཁག་བདུན་ཙམ་གྱི་འཛུགས་སྐྲུན་ལས་གཞི་སྤེལ་རྒྱུ་ཡིན་ལུགས་བོད་རང་སྐྱོང་ལྗོངས་གྲོང་ཁྱེར་འཛུགས་སྐྲུན་ལས་ཁང་གི་དཔོན་རིགས་ནས་བརྗོད་པ་ལུང་འདྲེན་བྱས་འདུག 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org