ཐའེ་ལྦན་གཙུག་ལག་སློབ་གྲའི་ནང་བོད་དོན་གོ་རྟོགས་སྤེལ་བ།

གྲོང་ཁྱེར་ཐེའེ་ཀྲུང་དུ་ཡོད་པའི་གཙུག་ལག་སློབ་གྲའི་ནང་ཐའེ་ལྦན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་བོད་དོན་གོ་རྟོག་སྤེལ་གནང་འདུག

2012.04.11

༄༅༎ཐའེ་ལྦན་གྱི་དབུས་གྲོང་ཁྱེར་ཐེའེ་ཀྲུང་དུ་ཡོད་པའི་གཙུག་ལག་སློབ་གྲའི་ནང་ཐའེ་ལྦན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་བོད་དོན་གོ་རྟོག་སྤེལ་གནང་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། ཐའེ་ལྦན་དབུས་གྲོང་ཁྱེར་ཐེའེ་ཀྲུང་ཁུལ་གྱི་ཏུང་ཧའེ་གཙུག་ལག་སློབ་གྲ་ཆེན་མོའི་སྤྱི་ཚོགས་རིག་པ་ཚན་ཁག་ནས་གདན་ཞུ་གནང་བ་ལྟར་ཕྱི་ཟླ་བཞི་པའི་ཚེས་༡༠ ཉིན་སྐུ་ཚབ་དོན་གཅོད་ལས་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་སློབ་ཕྲུག་དགུ་བཅུ་ཙམ་ལ་ཚོུད་གསུམ་རིང་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང༌། སློབ་མ་དེ་དག་ཁྲོད་དུ་རྒྱ་ནག་སྐམ་ས་ཆེན་མོ་ནས་སློབ་སྦྱོང་བྱེད་དུ་སླེབས་པའི་སློབ་མ་རེ་ཟུང་ཡོད་པ་དང༌། ཁོང་གིས་བོད་དོན་ངོ་སྤྲོད་གནང་བའི་ནང༌། ཁོང་རང་ཉིད་བོད་ནས་ཕེབས་པ་དང༌། བོད་དུ་སློབ་གྲར་བསྐྱོད་པའི་སྐབས་སློབ་གྲ་གཅིག་ཡིན་ཡང་བོད་མི་དང་རྒྱ་རིགས་སློབ་ཕྲུག་དབར་ལ་ཐོབ་ཐང་འདྲ་མཉམ་མེད་པའི་གནས་སྟངས་དང༌། དེ་བཞིན་བོད་ནང་དུ་རྒྱ་ནག་གཞུང་གིས་ཕྱིའི་རྣམ་པ་མཛེས་པའི་འཛུགས་སྐྲུན་མང་པོ་ཞིག་བྱེད་ཀྱི་ཡོད་ཀྱང་འཛུགས་སྐྲུན་དེ་དག་གིས་བོད་མིའི་རྒྱུན་ལྡན་གྱི་འཚོ་བར་ཕན་ཐོགས་གང་ཡང་མེད་པ་སོགས་དངོས་མྱོང་དང་དངོས་མཐོང་གི་གནས་ཚུལ་དཔེ་མཚོན་དུ་དྲངས་ཏེ་འགྲེལ་བརྗོད་བྱས་ཡོད་པ་རེད། ལྷག་དོན་བར་ལམ་བོད་ནང་གི་བོད་མི་ཚོས་རང་སྲོག་བློས་བཏང་གིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་གནས་སྟངས་འགྲེལ་བརྗོད་གནང་བའི་དང་ཆབས་ཅིག་ཕྱི་དྲིལ་ལས་ཁུངས་ནས་ཕྱོགས་སྒྲིག་གནང་བའི་དུས་ཡུན་སྐར་མ་ལྔ་ཙམ་ཡོད་པའི་བོད་ནང་གི་གནས་སྟངས་བརྙན་འཕྲིན་སྟོན་པ་མ་ཟད། བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དང༌། བོད་མིའི་སྒྲིག་འཛུགས། བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་དབུ་མའི་ལམ་གྱི་དགོངས་གཞི་སོགས་ངོ་སྤྲོད་གནང་བ། སློབ་མ་རྣམས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་གནས་སྟངས་སྐོར་འདྲི་བ་བྱས་པ་ཁག་ལ་ལན་འདེབས་གནང་དང༌། ད་དུང་དོན་གཅོད་ལས་ཁུངས་ནས་ཕྱོགས་སྒྲིག་གནང་བའི་བོད་མི་ངོ་སྤྲོད་དེབ་ཆུང་འགྲེམས་སྤེལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎