ཐེ་དབན་ངོས་ནས་དམངས་གཙོར་རྒྱབ་སྐྱོར་དགོས་པ།
རྒྱ་རིཌ་དམངས་གཙོ་དོན་གཉེར་བ་ཚོས་ཐེ་དབན་གཞུང་ལ་རྒྱ་ནག་དམངས་གཙོའི་ལས་འགུལ་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་པ།
-
2009-05-24 -
-
-
༄༅༎རེས་གཟའ་ཉི་མའི་ཉིན་དེ་སྔ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་དགུ་ལོའི་སློབ་ཕྲུག་དམངས་གཙོའི་ལས་འགུལ་འགོ་ཁྲིད་མཁན་ཚོས་ཐེ་དབན་ཕྱོགས་ནས་རྒྱ་ནག་དམངས་གཙོའི་ལས་འགུལ་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
ཐེ་དབན་ལ་འབོད་སྐུལ་ཞུས་པའི་དུས་ཚོད་དེ་ནི་ཕྱོ་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་དགུ་ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་སློབ་ཕྲུག་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བཏང་སྟེ་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་ཟིན་པར་གཟའ་འཁོར་གཅིག་ལྷག་ཙམ་ལས་མེད་པའི་དུས་སྐབས་དང་བསྟུན་ནས་སྐབས་དེ་དུས་ཀྱི་དམངས་གཙོའི་སློབ་ཕྲུག་གི་ལས་འགུལ་ནང་ཐེ་ཇུས་ཡོད་པའི་རྒྱ་རིགས་ཚོས་འབོད་སྐུལ་ཞུས་པ་ཞིག་ཡིན་པ་རེད།
ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་དགུ་ལོའི་རྒྱ་ནག་གི་དམངས་གཙོའི་སློབ་ཕྲུག་གི་ལས་འགུལ་སྐབས་པེ་ཅིང་མཐོ་རིམ་སློབ་གྲྭར་བསྐྱོད་བཞིན་པ་དང་སྐབས་དེ་དུས་ཀྱི་ལས་འགུལ་ནང་མཉམ་བཞུགས་བྱས་པ་དང་ད་ཆ་ཨ་རིར་སྐྱབས་བཅོལ་དུ་ཡོད་པ་བང་ཏན་གྱིས་གསར་འགོད་པར་འགྲེལ་བརྗོད་བྱས་དོན་ལ་འདས་པའི་མི་ལོ་ཉི་ཤུའི་རིང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཧ་ཅང་གི་མྱུར་ཚད་མགྱོགས་པོ་ཕྱིན་ཡོད་པ་དངོས་ཡོད་ཡིན་ཞིང་ཡིན་ནའང་རྒྱ་ནག་དམར་ཤོག་ཚོགས་པས་ལག་བསྟར་བྱེད་བཞིན་པའི་དྲག་གནོན་དང་དེར་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་རྩ་བ་ནས་ཕྱིན་མེད་པ་མ་ཟད་ད་དུང་འདས་པའི་མི་ལོ་ཉི་ཤུ་ནང་ལངས་ཕྱོགས་མུ་མཐུད་ས་བརྟན་དུ་གཏོང་ཡོད་པར་བརྟེན་ནས་དུས་ཡུན་རིང་པོའི་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་ལ་ལྟོས་ཚེ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུར་ཐེ་དབན་དང་མཉམ་རུབ་ཐོག་ནས་ལས་དོན་སྤེལ་རྒྱུ་དེ་གལ་འགངས་ཆེན་པོ་མཐོང་གི་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད༎