དྲུག་བཞིའི་དམངས་གཙོའི་ལས་འགུལ་འགོ་ཁྲིད་གྲས་ལྦུའེར་སྐོར།

སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་གྱི་འགོ་འཁྲིད་གྲས་ལྦུའེར་ཡིས་ཁོང་རང་ཡུལ་དུ་ཕྱིར་ལོག་བྱེད་རྒྱུར་མུ་མཐུད་འབད་བརྩོན་གནང་རྒྱུ།

2010.06.07

༄༅༎རྒྱ་ནག་གི་ཕྱི་ལོ་༡༩༨༩ལོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་གྱི་འགོ་འཁྲིད་གྲས་ལྦུའེར་ཁེ་ཤི་ཡིས་ཁོང་རང་ཡུལ་རྒྱ་ནག་ཏུ་ཕྱིར་ལོག་བྱེད་རྒྱུར་བཙོན་བཅུག་བྱས་ནའང་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་ ཁོང་གིས་རེས་གཟའ་ཟླ་བ་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོཀ་ཡོ་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་ཐོག་གཏམ་བཤད་གནང་བའི་ནང་འཛིན་བཟུང་བྱེད་རྒྱུར་ཁྲིམས་ཡིག་བཀོད་ཁྱབ་བྱུང་བའི་མི་ཞིག་ཁྲིམས་ཡིག་དེ་བཀོད་ཁྱབ་བྱེད་མཁན་གྱི་གཞུང་དེར་མགོ་བཏགས་ཞུ་ཆོག་གི་མེད་པ་དེ་ཡ་མཚན་སྐྱེས་དགོས་པ་ཞིག་རེད་ཅེས་གསུང་འདུག

ཡང་ཁོང་གིས་ཕྱི་ལོ་༡༩༨༩ལོའི་དམངས་གཙོའི་ལས་འགུལ་དེའི་སློབ་ཕྲུག་གི་འགོ་འཁྲིད་གནང་རྒྱུའི་གོ་སྐབས་བྱུང་བ་དེ་ཆེ་བསྟོད་ཅིག་ལ་ངོས་འཛིན་དང་ངོས་རང་རྒྱ་ནག་ལ་ཕྱིར་ལོག་བྱས་ནས་ངོས་རང་གི་མཛའ་གྲོགས་དང་དགེ་རྒན་ལུའི་ཞའི་པའོ་ཡི་མཉམ་དུ་བཙོན་བཅུག་བྱུང་བ་ཡིན་ན་ཆེ་བསྟོད་ཅིག་ལ་ངོས་འཛིན་ཞུ་གི་ཡིན་ཞེས་གསུང་འདུག དེ་བཞིན་ཁོང་གིས་རྒྱ་ནག་གི་ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་དེ་མང་ཚོགས་ཐོག་བགྲོ་གླེང་དང་རང་ཉིད་ཀྱི་ཕ་མ་ལོ་ངོ་༢༡རྗེས་ཐུག་འཕྲད་བྱེད་རྒྱུའི་མདུན་པ་ཡོད་སྐོར་གསུང་འདུག

ཁོང་བདུན་སྔོན་མའི་རེས་གཟའ་པ་སངས་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོཀ་ཡོ་ནང་ཡོད་པའི་རྒྱ་ནག་གཞུང་ལས་ཚབ་ཁང་ནང་འཛུལ་བསྐྱོད་བྱེད་ཐབས་བྱེད་སྐབས་ཉེན་རྟོག་པས་ཁོང་ཉིན་གཉིས་རིང་བཙོན་བཅུག་བྱས་ཡོད་པ་རེད་ དགུང་གྲངས་༤༢ལ་ཕེབས་པའི་ལྦུའེར་ཁེ་ཤི་ནི་ཕྱི་ལོ་༡༩༨༩ལོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་གྱི་འགོ་འཁྲིད་གྲས་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་རྒྱུའི་ཐོ་གཞུང་ནང་མིང་ཨང་གཉིས་པར་འཁོད་ཡོད་པ་དང་ཁོང་དེ་རྗེས་ཐེ་ལྦན་དུ་བྲོས་བྱོལ་དུ་ཕེབས་ནས་ཚོང་མཁོས་དང་སྲིད་དོན་ཐོག་གཏམ་བཤད་གནང་མཁན་གྱི་ཕྱག་ལས་གནང་ཡོད་པ་རེད་ རྒྱ་ནག་གི་ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་དེར་རྒྱ་ནག་གཞུང་ཕྱོགས་ནས་ཁྲག་དྲི་དྲོ་བའི་དྲག་གནོན་བྱས་ནས་ཉུང་མཐར་མི་གྲངས་བརྒྱ་ཕྲག་གི་ཚེ་སྲོག་ཤོར་བ་དེ་དུས་དལྟ་འང་རྒྱ་ནག་ཙམ་དུ་མ་ཟད་རྒྱལ་སྤྱིའི་ཐོག་ཧ་ཅང་གི་རྩོད་གཞི་ཆེ་བའི་དཀའ་རྙོག་ཅིག་ཆགས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎