༸གོང་ས་མཆོག་ཆོས་འབྲེལ་གྱི་ལྷན་ཚོགས་ཤིག་ཐོག་ཕེབས་རྒྱུ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གུ་ཇ་ར་ཏིའི་མངའ་སྡེའི་ནང་ཆོས་འབྲེལ་གྱི་ལྷན་ཚོགས་ཤིག་ཐོག་ཚོགས་ཕེབས་གནང་རྒྱུ་ཡིན་འདུག

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གུ་ཇ་ར་ཏིའི་མངའ་སྡེའི་ནང་ཆོས་འབྲེལ་གྱི་ལྷན་ཚོགས་ཤིག་ཐོག་ཚོགས་ཕེབས་གནང་རྒྱུ་ཡིན་འདུག

བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་ཁ་ས་གནས་ཚུལ་སྤེལ་བར་གཞིགས་ན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་འདི་ཚེས་དྲུག་ནས་བཅུ་གཅིག་བར་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཤིག་ཐོག་གདན་ཞུ་ཕུལ་བ་ལྟར་རྒྱ་གར་བྱང་ཕྱོགས་གུ་ཇ་ར་ཏི་མངའ་སྡེའི་སྦལྦ་ན་གར་རྫོང་ཁོངས་སུ་ཆིབས་བསྒྱུར་གནང་རྒྱུ་ཡི་འདུག

ཉིན་གྲངས་དྲུག་རིང་ཚོགས་རྒྱུའི་ལྷན་ཚོགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་ཧིན་རྡུ་དང་ཡེ་ཤུ།ཁ་ཆེ།ཛོ་ར་སེ་དྲེ་རན་ཆོས་ལུགས་སོགས་ཀྱི་བླ་ཆེན་ཁག་ཅིག་ཀྱང་མཉམ་ཞུགས་གནང་གི་ཡོད་པ་རེད། ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་དེའི་དབུ་འབྱེད་༸གོང་ས་མཆོག་ནས་གནང་གི་ཡོད་འདུག དེ་དང་ཕྱོགས་མཚུངས་ལྷན་ཚོགས་དེའི་སྐབས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་ཕེབས་ཀྱི་ཡོད་པས་མ་ཟད་བཀའ་བློན་ཁྲི་པ་མཆོག་གིས་ཀྱང་ལྷན་ཚོགས་དེའི་ནང་གསུངས་བཤད་གནང་གི་ཡོད་པ་རེད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་འབྱེད་མཛད་སྒོ་གྲུབ་གནང་བའི་རྗེས་སུ་གནས་མཆོག་ལྦ་ར་ན་སིར་ཆིབས་ཞལ་གྱུར་གནང་རྒྱུའང་རིན་པོ་མཆོག་གུ་ཇ་ར་ཏིའི་གྲོང་ཁྱེར་སྦ་རོ་ཏེའི་ནང་གཙུག་ལག་སློབ་གཉེར་ཁང་ཞིག་ནས་སེམས་ཁམས་རིག་པའི་སྐོར་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་གི་ཡོད་པ་དེའི་སྐབས་སུ་གསུངས་བཤད་གནང་རྒྱུ་མ་ཟད་བགྲོ་གླེང་ཚོགས་འདུ་ཁག་གི་ཐོག་ལའང་མཉམ་ཞུགས་གནང་རྒྱུ་བཅས་ཀྱི་མཛད་འཆར་ཁག་གྲུབ་པའི་རྗེས་སུ་ཁུལ་དེར་བོད་མིའི་སུད་ཚོང་པ་དང་བོད་པའི་སློབ་ཕྲུག་ཚོར་བཀའ་སློབ་གསུང་བཤད་གནང་རྒྱུ་དང་དེ་ནས་རིམ་པས་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཆར་ཁག་ཅིག་གྲུབ་པའི་རྗེས་སུ་འདི་ཚེས་བཅུ་གསུམ་ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་གི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org