༸གོང་ས་མཆོག་འཛམ་གླིང་ཞི་བདེའི་དུས་སྟོན་དུ་ཆིབས་བསྒྱུར།

༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་པུ་ནེ་ནང་ཚོགས་རྒྱུའི་འཛམ་གླིང་ཞི་བདེའི་དུས་སྟོན་དུ་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་པའི་གནས་ཚུལ།

༄༅༎ཟླ་བ་འདིའི་ཕྱི་ཚེས་༢ཉིན་རྒྱ་གར་གྱི་ཧིན་རྡུ་ཞེས་པའི་དྲ་རྒྱའི་གསར་འགྱུར་ཐོག་ལ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་པའི་ཚེས་༡༠ཉིན་རྒྱ་གར་གྱི་ལྷོ་ནུབ་མ་ཧ་རཤ་ཏྲ་མངའ་སྡེ་གྲོང་ཁྱེར་པུ་ནེ་ནང་ཚོགས་རྒྱུའི་འཛམ་གླིང་ཞི་བདེའི་དུས་སྟོན་དུ་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་པའི་གནས་ཚུལ་སྤེལ་བཞག

དྲ་རྒྱ་དེའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གྲོང་ཁྱེར་པུ་ནེ་ནང་དུ་ཡོད་པའི་ཏེཇ་གྱན་ཐེབས་རྩ་ལས་ཁང་གིས་དུས་སྟོན་དེ་གོ་སྒྲིག་ཞུས་ཏེ།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དུས་སྟོན་དེར་ཆིབས་བསྒྱུར་གྱི་གདན་ཞུ་ཕུལ་བ་དེ་ནི་འཛམ་གླིང་ཞི་དེའི་ལས་དོན་གྱི་བྱ་བ་ཞིག་ཡིན་པ་དང༌། དུས་སྟོན་དེར་མི་དམངས་ས་ཡ་མཉམ་ཞུགས་ཡོང་བའི་ཐུགས་རེ་གནང་གི་ཡོད་པ་མ་ཟད། རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུ་བ་དང༌ཉེན་རྟོག་དཔོན་བགྲེས་ཡོལ་དུ་ཕེབས་པ་ལྕམ་ཀི་རན་སྦེ་ཌི་དང་རྩོམ་བྲིས་པ་གྲགས་ཅན་སྐུ་ཞབས་ཨེ་སི་སྦི་མ་ཇུམ་རྡར་ དེ་བཞིན་རྒྱ་གར་ནང་དུ་བདེན་པའི་འབོད་སྒྲ་ཞེས་པའི་ཚོགས་པ་གསར་འཛུགས་གནང་མཁན་ལྕམ་ཊ་མི་སའེ་མེན་དང། དུས་སྟོན་དེ་གོ་སྒྲིག་གནང་མཁན་སྐུ་ཞབས་ལྦི་ཇེ་སྦཏ་ཀར་དང་སྐུ་ཞབས་ཀར་ཐི་ཀེ་ཡེན་ རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་ཨ་མི་ཏབ་སྦ་ཆན་བཅས་ནས་གཏམ་བཤད་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

ཏཇ་གྱན་ཞེས་པའི་ཐེབས་རྩ་ལས་ཁང་དེ་ཡིས་རྒྱ་གར་རྒྱལ་ཡོངས་སུ་དུས་སྟོན་དེ་ལྟ་བུ་ཁག་མི་འདྲ་བ་༡༠ཙམ་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང༌། རེས་གཟའ་མིག་དམར་ཉིན་དུས་སྟོན་གོ་སྒྲིག་ཚོགས་ཆུང་གྱི་ཚོགས་གཙོ་སྐུ་ཞབས་ཀར་ཐི་ཀེ་ཡེན་གྱིས་གསར་འགོད་པར། འཛམ་གླིང་ཞི་བདེའི་དུས་སྟོན་ཐོག་མ་དེ་གྲོང་ཁྱེར་པུ་ནེ་ནང་དུ་ཕྱི་ཟླ་༡༠པའི་ཚེས་༡༠ནས་འགོ་འཛུགས་གནང་རྒྱུ་ཡིན་པ་དང༌། ༧གོང་ས་ཏྰ་ལའི་བླ་མ་མཆོག་གིས་མཛད་འཕྲིན་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་དུས་སྟོན་དེར་ཆིབས་བསྒྱུར་གནང་རྒྱུའི་ཞལ་བཞེས་ཐོབ་བྱུང་ཞེས་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org