ཆོས་ལུཌ་འཆམ་མཐུན་བྱ་རྒྱུ་དེ་རྒྱ་གར་ནས་སློབ་སྦྱོང་བྱེད་དགོས།
༧གོང་ས་མཆོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆོས་ལུགས་འཆམ་མཐུན་བྱ་རྒྱུ་དེ་རྒྱ་གར་ནས་སློབ་སྦྱོང་བྱེད་དགོས་པའི་སྐོར་བཀའ་གནང་མཛད་འདུག
-
2009-11-27 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆོས་ལུགས་འཆམ་མཐུན་བྱ་རྒྱུ་དེ་རྒྱ་གར་ནས་སློབ་སྦྱོང་བྱེད་དགོས་པའི་སྐོར་བཀའ་གནང་མཛད་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱང་ཐག་ཀི་ལོ་མི་ཊར་༤༠ཙམ་གྱི་སར་ཡོད་པའི་པཱ་ལམ་པུར་ནང་ཚོགས་པའི་སྐབས་བཅུ་བརྒྱད་པའི་རྒྱལ་སྤྱིའི་མིག་གི་སྨན་པའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱངས་གནང་མཛད་ཏེ་ལྷན་ཚོགས་ཐོག་བཀའ་སློབ་གནང་བའི་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ནང་དེང་སྐབས་ཆོས་ལུགས་འཆམ་མཐུན་གྱི་རྣམ་པ་ཧ་ཅང་གི་བཟང་པོ་ཡོད་སྟབས་འཛམ་གླིང་ཡུལ་ཁག་གིས་རྒྱ་གར་ནས་ཆོས་ལུགས་འཆམ་མཐུན་ཡོང་ཐབས་ངེས་པར་དུ་སློབ་སྦྱོང་བྱེད་དགོས་གལ་ཆེ་བའི་སྐོར་བཀག་གནང་མཛད་ཡོད་ཅིང་༧གོང་ས་མཆོག་ནས་འཚེ་མེད་ཞི་བའི་ཐབས་ལམ་དེ་བཞིན་རྒྱ་གར་གྱི་རིག་གཞུང་ནང་གནའ་སྔ་མོ་ནས་ཡོད་པ་ཞིག་ཡིན་པའི་སྐོར་ཡང་བཀའ་གནང་མཛད་པ་དང་འབྲེལ་མིའི་དབང་པོའི་ནང་ནས་མིག་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཡིན་པར་བརྟེན་མིག་གི་སྨན་པ་ཚོ་ཡང་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཡིན་པའི་སྐོར་བཀའ་གནང་མཛད་འདུག