བོད་མིས་ངོ་བོ་དང་ཤ་ཁྲག་རུས་བོད་ནས་བྱུང་བ་བརྗེད་རྒྱུ་མེད།

༧གོང་ས་མཆོག་གིས་བོད་མི་རྣམས་ནས་རང་ཉིད་ཀྱི་ངོ་བོ་དང་ཤ་ཁྲག་རུས་གསུམ་བོད་ནས་བྱུང་བ་དེ་དུས་ནམ་ཡང་བརྗེད་རྒྱུ་མེད་པའི་བཀའ།

༄༅།།བོད་ཀྱི་དབུ་འཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ནས་རང་ཉིད་ཀྱི་ངོ་བོ་དང་ཤ་ཁྲག་རུས་གསུམ་བོད་ནས་བྱུང་བ་དེ་དུས་ནམ་ཡང་བརྗེད་རྒྱུ་མེད་སྐོར་མི་མང་ཆིག་ཁྲི་ལྷག་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་འདུག

ཨོས་ཀྲེ་རི་ཀའི་རྒྱལ་ས་ལྦི་ཡེ་ནའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐང་ཆེན་ཧེལ་ཌེན་པེལེཛ་འམ་དཔའ་བོའི་ཐང་ཆེན་ནང་གཟའ་སྤེན་པའི་ཉིན་རྒྱབ་ལ་ཡོ་རོབ་ཁུལ་གྱི་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་གོ་སྒྲིག་ཞུས་པའི་Tibet Needs you Nowའམ་ད་ལྟའི་བོད་ལ་ཁྱེད་དགོས་གལ་ཞེས་རྒྱ་ནག་གཞུང་གིས་བཙན་དབང་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་ལྷན་བཞུགས་གནང་བའི་མི་མང་ཆིག་ཁྲི་ལྷག་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རིག་གཞུང་དེ་བཞིན་ནང་ཆོས་ཀྱི་རིག་གཞུང་ཞིག་ཡིན་སྟབས་བོད་མིས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་གནང་གི་ཡོད་སྐོར་སོགས་བཀའ་སློབ་བཀྲིན་ཆེ་གནང་མཛད་འདུག་ དེ་རྗེས་དབུས་བོད་མིའི་སྒྲིག་འཛུཌ་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨ་རབ་ཀྱི་ཡུལ་གྲུ་ཁག་གི་ནང་དཔྱིད་ཀའི་གསར་བརྗེ་ཆེན་མོ་བྱུང་སྟབས་ལི་བྷི་ཡ་དང་ཨི་ཇིབ་ཀྲི་ ཏུ་ནི་ཤི་ཡ་སོཌ་ཡུལ་གྲུ་ཁག་གི་སྒེར་གཅོད་དབང་འཛིན་པའི་གཞུང་འཛིན་གཏོར་ལོག་དང་འབར་མའི་མང་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུ་ཅི་མཆོག་བཟང་བཙོན་འོག་ནས་གློད་བཀྲོལ་ཐོབ་སྐོར་སོཌ་ལོ་རྒྱུས་དྲངས་ནས་ད་ཆ་ང་ཚོའི་དུས་ཚོད་ཡིན་ལུཌ་གང་ལྟར་བོད་ཀྱི་གནད་དོན་སེལ་ལ་ཉེ་བའི་ཐུཌ་རེ་ཆེན་པོ་ཡོད་སྐོར་བཀའ་གནང་འདུག་ ལས་འགུལ་དེ་ནི་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བོད་མི་རྣམས་ཐུཌ་ཚབས་ཆེན་པོ་ཡོད་སྟབས་ཡོ་རོབ་ཁུལ་དུ་ཡོད་པའི་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་མཉམ་འབྲེལ་སྒོ་ནས་ཡོ་རོབ་མཐུན་ཚོཌ་ཀྱིས་བོད་དོན་སྐོར་རྒྱ་ནག་གཞུང་དང་གླེང་སློང་དགོས་པ་དང་བོད་ནང་གི་དངོས་བདེན་གནས་ཚུལ་འཚོལ་གྲུབ་ཆེད་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་བོད་ནང་གཏོང་དགོས་པ་ ཡོ་རོབ་མཐུན་ཚོགས་ཀྱིས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་དགོས་པའི་འབོད་སྐུལ་གནང་ཕྱིར་གོ་སྒྲིག་ཞུས་པ་ཞིག་ཡིན་པའི་གནས་ཚུལ་འདུག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org