དྲ་རྒྱའི་ཐོག་ནས་ཤུཊ་རྐྱེན་ཆེ་ཤོས་གནང་མཁན་གྱི་སྙན་ཐོ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་དྲ་རྒྱའི་ཐོག་ནས་མང་ཚོགས་ལ་ཤུགས་རྐྱེན་ཆེ་ཤོས་སྤྲོད་གནང་ཐུབ་མཁན་ཡིན་འདུག
-
2011-07-30 -
-
-
༄༅༎དེ་ཡང་འཛམ་གླིང་ནང་ཡོངས་གྲགས་ཆེ་བའི་Pinstorm ཞེས་པའི་འཕྲུལ་རིགས་ཚོང་དོན་ཚན་པའི་ཞིབ་མཇུག་སྡེ་ཚན་ནས་ཉམས་ཞིབ་ཀྱི་སྙན་ཐོ་བཏོན་པའི་ནང་གསལ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་ནང་དྲ་རྒྱའི་ཐོག་ནས་མང་ཚོགས་ལ་ཤུགས་རྐྱེན་ཆེ་ཤོས་སྤྲོད་གནང་ཐུབ་མཁན་ཡིན་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲ་རྒྱ་དང་ལྷག་པར་དུ་དེང་དུས་དར་ཁྱབ་ཆེ་བའི་ངོ་དེབ་(Facebook)དང་། ཀྲུད་ཀྲར་(Twitter)ཞེས་སྐར་ཆ་རེ་རེའི་ནང་། གནས་ཚུལ་བཀོད་སའི་གླེང་བསྟེགས་དེའི་ཐོག་བལྟ་མཁན་དང་། དེའི་ནང་མཉམ་ཞུགས་བྱེད་མཁན་ནི་འཛམ་གླིང་ཁྱོན་ཡོངས་ནས་མི་མང་ས་ཡ་བཞི་ཙམ་ཡོད་འདུག
༧གོང་ས་མཆོག་གིས་མིའི་བཟང་སྤྱོད་ཀྱི་བསླབ་བྱ་དང་། ཡང་ན་མང་ཚོགས་འཁྲོད་ནས་བསམ་ཚུལ་དགོངས་བསྐོར་ཞུས་པའི་རིགས་ལ་བཀའ་ལན་གནང་ཕྱོགས། དཔེར་ན་ཉེ་ཆར་༧གོང་ས་མཆོག་གི་ཀྲུ་ཀྲར་ནང་། མི་གཞན་གྱི་རང་ལ་དྭོགས་ཟོན་དང་། འཁོན་འཛིན་གྱི་རྣམ་པ་བསྟན་མཁན་བྱུང་བ་ཡིན་ན་དེ་དག་ལ་བྱམས་བརྩེའི་ཐོག་ནས་གདོང་ལེན་བྱེད་དགོས་པ་སོགས་གཞན་ཕན་ཀྱི་སྐུལ་སློང་འཁྱེར་ནས་རོགས་རམ་བྱེད་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་པའི་གནད་དོན་དེའི་ཐོག་དྲ་རྒྱའི་ནང་བལྟ་མཁན་དང་དོ་སྣང་བྱེད་མཁན་མི་མང་ས་ཡ་གཉིས་ཙམ་བྱུང་ཡོད་པ་སོགས་ལུང་འདྲེན་བྱེད་ཡོད་འདུག
ཡང་གོང་ཞུས་ཉམས་ཞིབ་བྱེད་པ་བརྒྱུད་རྒྱ་གར་སྤྱི་ཚོགས་ནང་། དྲ་རྒྱའི་ཐོག་ནས་ཤུགས་རྐྱེན་ནམ་ཡང་ན་དང་དྲ་རྒྱའི་ཐོག་དོ་སྣང་བྱེད་ཡུལ་གཉིས་པ་ནི། རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་སལ་མའན་ཁའན་དང་། དེ་ནས་རི་ཏིག་ རོ་ཤན་། ཨ་མི་ཏབ་སྦ་ཆན་སོགས་རིམ་པའི་མིང་བཏོན་ཡོད་པ་རེད། སྤྱིར་བཏང་རྒྱ་གར་ནང་དྲ་རྒྱ་དང་། ཕེ་སེ་བྷུག ཀྲུ་ཀྲར་སོགས་བེད་སྤྱོད་གཏོང་མཁན་མི་གྲངས་ས་ཡ་བརྒྱ་ཙམ་བྱེད་ཀྱི་ཡོད་པ་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་རྗེས་སུ་ཨང་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།།