༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་སྐྱོང་ཆེད་བཞུགས་སྒར་ནས་ཆིབས་སྒྱུར་བསྐྱངས་གནང་བ།
-
2011-01-28 -
-
-
༄༅༎ཕྱི་ཚེས་༢༨ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་སྐྱོང་ཆེད་བཞུགས་སྒར་ནས་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་པ་རེད་
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༢༩གཟའ་སྤེན་པའི་ཉིན་མགོན་པོ་གང་ཉིད་ཀྱིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བེང་ལོར་ནས་རྒྱང་ཐག་ཀི་ལོར་མི་གྲར་༡༥༠ཙམ་ཡོད་པའི་ཆི་ཏྲ་རྡུར་ག་ཞེས་པར་ཆིབས་སྒྱུར་བསྐྱངས་སྟེ་ཁུལ་དེར་ཁར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་པོ་སྐུ་ཞབས་ཨེསི་ནིཇ་ལིང་ག་པ་དམ་པ་མཆོག་གི་དྲན་རྟེན་ཚོགས་ཁང་དབུ་འབྱེད་མཛད་རྒྱུ་དང་ ཕྱི་ཚེས་༣༠སྔ་དྲོ་ཚོུད་དགུ་དང་ཕྱེད་ཀའི་ནས་༡༡་བར་སྦེང་ལོར་སན་ཇོ་སེཕ་མཐོ་སློབ་ཏུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད་ ཉིན་རྒྱབ་ཚོུད་གཉིས་དང་ཕྱེད་ཀ་ནས་བཞི་པ་བར་བེང་ལོར་ཁུལ་དུ་རྟེན་གཞི་བྱས་པའི་ཆོས་འཁོར་གསུམ་གླིང་ཆོས་ཚོགས་དང་ ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་གཉིས་ཟུང་འབྲེལ་ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ ༧གོང་ས་མཆོག་གིས་རྒྱལ་ཡོངས་མཐོ་སློབ་ཀྱི་ཐང་ཆེན་དུ་དཀའ་རྙོག་ཅན་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་མི་གྲངས་བདུན་སྟོང་ཙམ་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་ ཕྱི་ཚེས་༣༡ནས་ཕྱི་ཟླ་གཉིས་པའི་ཚེས་༦བར་རྒྱ་གར་ལྷོ་ཕྱོགས་མོན་གོ་འདོད་རྒུ་གླིང་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱང་སྟེ་བདུན་ཕྲག་གཅིག་རིང་མཛད་འཕྲིན་རྒྱ་ཆེ་བསྐྱང་གནང་མཛད་རྒྱུ་ཡིན་པ་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་འདུག