རྒྱ་གར་དབུས་གཞུང་ལ་གནོན་ཤུགས་ཐེབས་པ་ཞིག་བཟོ་རྒྱུར་ཞུ་སྐུལ།

བོད་དང་རྒྱ་གར་གྱི་ས་མཚམས་མ་གཏོགས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བ་མེད་ལུགས་ཤུགས་ཆེ་ཙམ་གསུངས་བ།

བོད་དང་རྒྱ་གར་གྱི་ས་མཚམས་མ་གཏོགས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བ་མེད་ལུགས་ཤུགས་ཆེ་ཙམ་གསུངས་བ། བསྟན་འཛིན་བརྩོན་འགྲུས།

༄༅།།བོད་པའི་སྩོམ་པ་པོ་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ནས་ཟླ་བ་འདིའི་ཚེས་བཅུ་གཉིས་སྟེ་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་བཙུགས་ཀྱིས་ལྡི་ལི་བར་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ནས་ད་བར་ཉིན་གྲངས་བཅུ་ཙམ་འགྲོ་གི་ཡོད་པའི་དུས་ཡུན་དེའི་རིང་ཉིན་ལྟར་ཀི་ལོ་མི་ཀྲར་ཉི་ཤུ་མ་ཟིན་ཙམ་གོམ་བགྲོད་ཀྱིས་འགྲུལ་ལམ་ལ་རྒྱ་གར་ཡུལ་མི་ཚོར་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམ་སྤེལ་དང་། དགོས་ངེས་ཅན་ལ་ལས་འགུལ་ངོ་སྤྲོད་གནང་བ་སོགས་ཀྱི་ལམ་ནས་ད་བར་དམིགས་བསལ་སྐུ་ངལ་གང་ཡང་འཕྲད་མེད་ལུགས་གསུངས་ཀྱི་འདུག

ཡང་ཁོང་གིས་རྒྱ་གར་བ་མང་ཆེ་བས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་ལ་གསར་ཤོག་དང་བརྙན་འཕྲིན་ཚན་པ་ཁག་ནས་ཀྱང་བཅར་འདྲི་དང་ལན་ཞུས་འདུག འོན་ཀྱང་ཁོང་རང་ཉིད་ཀྱི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་དགོས་པའི་དམིགས་བསལ་དོན་ཚན་ཁོངས་སུ་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་ཙམ་མ་ཡིན་པར་སོ་སོའི་གནས་ཡུལ་ཧི་མ་ལ་ཡའི་བོད་དང་ས་འབྲེལ་དུ་འཁེལ་བའི་མངའ་སྡེ་ཁག་གི་གཞུང་ལ་བོད་དང་རྒྱ་གར་གྱི་ས་མཚམས་མ་གཏོགས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བ་མེད་ལུགས་ཤུགས་ཆེ་ཙམ་གསུངས་ཏེ་རྒྱ་གར་དབུས་གཞུང་ལ་གནོན་ཤུགས་ཐེབས་པ་ཞིག་བཟོ་རྒྱུར་ཞུ་སྐུལ་གནང་དགོས་ལུགས་དང་རྒྱ་གར་བའི་ཡུལ་མི་ཚོར་བོད་དོན་དྲིལ་བསྒྲགས་རྒྱ་གང་ཆེ་གནང་དགོས་པའི་འབོད་སྐུལ་ཡང་གནང་གི་འདུག

བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་ལས་འགུལ་འདི་བཞིན་ཕྱི་ཟླ་གསུམ་པའི་ཚེས་བཅུ་སྟེ་བོད་མིའི་སྒེར་ལངས་ཀྱི་ཉིན་མོར་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་གནང་གི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org