བོད་མི་བཀྲིས་ཚེ་རིང་ལགས་ཉི་ཧོང་ནས་ཐེ་ཝན་དུ་ཕྱིར་ལོག
ཨོ་ལིམ་ཕིག་གི་དཔལ་འབར་ཉི་ཧོང་ནས་བསྐོར་བསྐྱོད་སྐབས་འཛིན་བཟུང་བྱས་པའི་བོད་རིགས་བཀྲིས་ཚེ་རིང་ལགས་ཁོང་ཐེ་ཝན་ནང་ཕྱིར་ལོག་ཐུབ་འདུག
-
2008-05-19 -
-
-
༄༅༎ཉེ་དུས་ཨོ་ལིམ་ཕིག་གི་དཔལ་འབར་ཉི་ཧོང་ནས་བསྐོར་བསྐྱོད་སྐབས་ ཨོ་ལིམ་ཕིག་གི་དཔལ་འབར་ལ་ངོ་རྒོལ་བྱས་ཏེ་ འཛིན་བཟུང་བྱས་པའི་བོད་རིགས་ན་གཞོན་བཀྲིས་ཚེ་རིང་ལགས་ཞུ་བ་ཁོང་ ཉི་ཧོང་གཞུང་གི་བཀག་སྡོམ་ནས་གློད་བཀྲོལ་གྱིད་ཐེ་ཝན་ནང་ཕྱིར་ལོག་ཐུབ་ཡོད་འདུག
བཀྲིས་ཚེ་རིང་ལགས་ནི་ཐེ་ཝན་ནང་བཅའ་སྡོད་བོད་རིགས་ཤིག་ཡིན་པ་དང་ ཕྱི་ཟླ་༤ པའི་ཚེས་༢༦ ཉིན་ཨོ་ལིམ་ཕིག་གི་དཔལ་འབར་ཉི་ཧོང་གི་གྲོང་ཁྱེར་ན་ག་ནོ་ནང་བསྐོར་བསྐྱོད་བྱ་སྐབས་ ཁོང་ནས་ཉི་ཧོང་ནང་བསྐྱོད་དེ་ཨོ་ལིམ་ཕིག་གི་དཔལ་འབར་ལ་ངོ་རྒོལ་བྱས་ཡོད་པར་ སྐབས་དེར་གྲོང་ཁྱེར་གྱི་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པར་ མཐར་ཉིན་གྲངས་༢༠ རྗེས་ཁ་ས་གློད་འགྲོལ་བཏང་ཡོད་པ་དང་ ཁོང་ཐེ་ཝན་ནང་ཕྱིར་ལོག་ཐུབ་ཡོད་པ་རེད་ ཁ་ས་ཁོང་ཐེ་ཝན་ནང་ཕྱིར་ལོག་གི་སྐབས་སུ་ ཐེ་ཝན་གྱི་གནམ་ཐང་ལ་བོད་རིགས་མི་མང་ཚོས་ བོད་ཀྱི་དཔའ་བོར་དགའ་བསུ་ཞུ་ཞེས་པའི་འཕྲེད་དར་དང་ མཇལ་དར་སོགས་ཕུལ་བ་བརྒྱུད་ དགའ་བསུའི་སྣེ་ལེན་ཞུས་ཡོད་པ་ཐའེ་པེ་ཀྲའེམ་སེ་ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད་ བཀྲིས་ཚེ་རིང་ལགས་ནི་ ཐེ་ཝན་ནང་གི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དེ་ཡང་ཡིན་འདུག་ལ་ ཁོང་གིས་ཁོང་ད་རེས་ཉི་ཧིང་གིས་བཀག་ཉར་ནས་གློད་བཀྲོལ་ཡོང་ཆེད་ ཐེ་ཝན་དང་ཉི་ཧོང་ནང་གི་བོད་རིགས་ཚོགས་པ་ཁག་དང་ འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད་